ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༨

༄༅། །དེབ་ཕྲེང་འདིའི་ནང་བཀའ་ཟུར་བདེ་གྲོང་དབང་འདུད་རྡོ་རྗེ་ལགས་ཀྱི་འཁྲུངས་ཡུལ་དང། འཁྲུངས་གཞིས། སློབ་སྦྱོང་ཇི་གནང། དཔོན་ཁུངས་སྒེར་ཟུར་ཁང་བའི་ཞབས་ཞུར་བཅར་དགོས་བྱུང་བ། ཡར་ཀླུངས་མཁེ་གསུམ་གཞིས་ཀའི་གཞིས་སྡོད་གནང་སྐབས་བསྟན་སྲུང་དྭང་བླངས་དམག་ལ་མཐུན་འགྱུར་གྱིས་རྒྱ་དམར་ལ་གདོང་ལེན་གནང་ཕྱོགས། དྭང་བླངས་དམག་ཁོངས་སུ་ཞུགས་ཏེ་ཕོགས་ཁང་ནང་འགན་ཁུར་བླངས་པ། རིམ་པས་དམག་འཐབ་ཕམ་ཉེས་ཀྱིས་རྒྱ་མིས་འཇུ་བཟུང་བྱེད་ཉེའི་མཚམས་སུ་ནང་མི་བུ་ཕྲུག་བཞག་སྟེ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ། སྦག་སར་སྐད་སྒྱུར་གྱི་ཞབས་ཞུ་གནང་བ། གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་བསྟན་སྲིད་སྤྱི་དོན་ཐོག་ན་ནུས་འཆི་ནུས་ཞུ་རྒྱུའི་མནའ་གན་འབུལ་ལམ་ཞུ་མིའི་ཁོངས་སུ་བཅར་བ། མ་སུ་རི་བཀའ་ཤག་གི་བཀའ་དགོངས་ལྟར་དིལླཱིར་བོད་དོན་སྐོར་གྱི་ཚོགས་འདུར་བསྐྱོད་པ། སྤྱི་འཐུས་ལས་ཁུར་ཞུས་པ། སྤྱི་འཐུས་ཡིན་མུས་ཐོག་བཀའ་དྲུང་བསྐོ་གཞག་སྩལ་བ། རིམ་པས་ནང་སྲིད་བཀའ་བློན་དུ་བསྐོ་གཞག བོད་འབྲུག་དོན་རྐྱེན། བགྲེས་ཡོལ་དུ་ཕེབས་པ་སོགས་ཀྱི་ལོ་རྒྱུས་བཅས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …