ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༢༡

༄༅། །ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༡ པ་ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས་ཞེས་པའི་ནང་དོན་གཙོ་བོར་ཡར་འབྲོག་ཁུལ་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་། ཡར་འབྲོག་ཁྲི་སྐོར་གཅིག་གི་ཁྲལ་འཇལ་ཁྲིམས་བཀུར་བྱ་རིམ། དགོན་གནས་སྤྱི་དང་སྟག་ལུང་གསང་ཆོས་དགོན་གྱི་ཆགས་རིམ། གཞུང་གནས་ནས་གྲྭ་ཚང་ལ་སྔ་ཕྱིར་མཆོད་རྒྱུན་ཐེབས་གཞིས་རིམ་སྩལ། ༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་ནས་གསང་ཆོས་དགོན་དུ་༸ཞབས་འཁོད་མཛད་འཕྲིན་ཇི་བསྐྱངས། ཤིང་འབྲུག་དང་། ཆུ་བྱི་དམག་དུས། རྒྱལ་སྲིད་རྭ་སྟག་རྣམ་གཉིས་སྐོར། ཁོར་ཡུག་རྩྭ་ཐང་དང་། མཚོ་དང་མཚེའུ་ནས་ཐོན་པའི་ཁྱད་ནོར་མཚོ་རྟ་མཚོ་གླང་སོགས་ཀྱི་སྐོར། གནའ་ཤུལ་མཁར་རྫོང་། ཡར་འབྲོག་གཡུ་མཚོ་དང་ལ་སྟོད་རྒྱལ་གྱི་ཤྲིའི་ལོ་རྒྱུས། ལ་ཕྱི་ཆུ་དབར་འགྲོ་ཕན་གླིང་གི་གནས་རྟེན་གྱི་བཤད་པ། གཞུང་རྟ་རྒྱུག་མར་གསོ་ཆག་སྤྲོད་སྟངས། ཡར་འབྲོག་མཚོ་སྐོར་དང་། དབུས་རི་བར་སྐོར། ཁ་རེག་གཡས་སྐོར་འགྲོ་ཚུལ། སྟག་ལུང་དང་། གྲྭ་ནང་མགྲོན་ཞོལ། རིན་སྤུངས་བཅས་ཀྱི་ཚོང་འདུས། ཡར་འབྲོག་ཡུལ་ཚན་སོ་སོའི་འོང་སྐོར་དང་། རྟ་རྒྱུག ལྷ་གསོལ། བག་སྟོན། གཞས་ཆེན་སོགས་སྤྱི་ཚོགས་དམངས་ཁྲོད་ཀྱི་དགའ་སྟོན་བྱ་རིམ་བཅས་གསལ།།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༨

༄༅། །སྐུ་སྒེར་ད …