ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༢༢

༄༅། །ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༢ པ་བོད་ཀྱི་སྲོལ་རྒྱུན་བཟོ་རིག་ཅེས་པ་འདི་ནི་ལྷ་ལྡན་འདོད་དཔལ་ཟངས་བཟོ་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་དང་། བྲག་གཡབ་པདྨ་རྡོ་རྗེ་ལགས། ལུགས་པ་ཀ་རྡོར་ལགས་སོགས་བོད་ཀྱི་སྲོལ་རྒྱུན་བཟོ་རིག་ལག་རྩལ་བ་ཁག་གཅིག་ལ་འདི་ག་སྡེ་ཚན་ནས་བཅར་འདྲི་ཞུས་ཏེ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྡེ་ཚན་ཁག་བཞིའི་སྐོར་འཁོད་ཡོད་ཅིང་། ལག་ཤེས་དེ་དག་དུས་ནམ་ཞིག་ལ་བོད་དུ་དར་ཁྱབ་བྱུང་ཡོད་མེད་དང། ཚུལ་ཇི་ལྟར་དར་ཡོད་མེད། དེ་དག་གི་རྒྱུ་ཆ་རྣམས་འཚོལ་སྒྲུབ་བྱེད་སྟངས་ཀྱི་སྐོར་ལས་བརྩམས་ཏེ་དང་པོ་བོད་ཀྱི་དཔར་ཤིང་རྐོ་ཚུལ་དང་དཔར་རྒྱག་སྟངས། གཉིས་པ་བོད་ཤོག་བཟོ་ཚུལ། གསུམ་པ་སྐུ་བརྙན་བཞེངས་ཚུལ། བཞི་པ་རྡོ་རྗེ་དང་དྲིལ་བུ་ལུགས་རྒྱག་སྟངས་བཅས་ཀྱི་སྐོར་བཅས་གསལ་ཡོད།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༨

༄༅། །སྐུ་སྒེར་ད …