བོད་ཀྱི་སྐད་ཡིག་འཛིན་གྲྭ།

Next Prev
Next Prev

བོད་ཀྱི་སྐད་ཡིག་འཛིན་གྲྭ།

བོད་ཀྱི་རིག་གཞུང་ལ་དོན་གཉེར་ཅན་ཚོའི་ཆེད་དུ་འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་ཉིན་ལྟར་བོད་ཀྱི་སྐད་ཡིག་གི་འཛིན་གྲྭ་འདྲ་མིན་གོ་སྒྲིག་ཞུ་མུས་དང་། དེ་ཡང་སློབ་ཐུན་གཉིས་སུ་ཆ་བགོས་ཀྱིས་སློབ་ཁྲིད་གནང་བཞིན་ཡོད།

སློབ་ཐུན་དང་པོ། ཟླ་ ༣ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་དང་།
སློབ་ཐུན་གཉིས་པ། ཟླ་ ༨ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༡༥ བར་ཡིན།

བོད་ཀྱི་སྐད་ཡིག་འཛིན་གྲྭ་འདི་བཞིན་རྨང་གཞིའི་སྐད་ཡིག་འཛིན་གྲྭ་དང་། འབྲིང་རིམ་སྐད་ཡིག་འཛིན་གྲྭ། མཐོ་རིམ་སྐད་ཡིག་འཛིན་གྲྭ་བཅས་སྐད་ཡིག་འཛིན་གྲྭ་གསུམ་དང་། བོད་སྐད་བཀའ་མོལ་གནང་སྟངས་ཀྱི་རྨང་གཞི་དང་འབྲིང་རིམ་འཛིན་གྲྭ་གཉིས་བཅས་ཡོད། གཞན་ཡང་དམིགས་བསལ་སྐད་ཡིག་སློབ་ཁྲིད་ཅིག་དང་། སྔ་དྲོའི་མཐོ་རིམ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཅིག་ཀྱང་གོ་སྒྲིག་གནང་བཞིན་ཡོད་ཅིང་། དེ་ཡང་། རེས་གཟའ་ཟླ་བ་ནས་པ་སངས་བར་ཉིན་ལྔའི་རིང་འཚོགས་ཀྱིན་ཡོད།

འདི་ལོའི་འགྱུར་བ་གལ་ཆེན་ཞིག་ནི། འདི་ལོ་ནས་བཟུང་རེས་གཟའ་སྤེན་པ་ནམ་ཡིན་ལ་འཛིན་གྲྭ་མེད་པ་དང་། དབྱར་ཁའི་གུང་སེང་དེ་ཟླ་ ༧ ཚེས་ ༡༤ ནས་ཚེས་ ༣༡ བར་འཇོག་རྒྱུ།

མཆན།

༡ དོན་གཉེར་ཅན་གྱི་སློབ་ཕྲུག་སུ་རུང་ལ་སློབ་ཐུན་གྲུབ་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་སློབ་ཐོན་ཕྱག་འཁྱེར་དགོས་ཚེ་ཟླ་རྒྱུགས་ལ་ངེས་པར་དུ་ཞུགས་དགོས།
༢ བོད་སྐད་ཀྱི་རྨང་གཞི་སྦྱང་བློ་ཡོད་རིགས་ཀྱི་སློབ་མ་གསར་ཞུགས་ནམ་བྱུང་ཡང་དམིགས་བསལ་སྐད་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭར་འཇུག་རྒྱུ། སྐད་ཡིག་གི་སློབ་ཁྲིད་གཞན་རྣམས་ལ་སློབ་ཐུན་འགོ་བཙུགས་ནས་བདུན་ཕྲག་གསུམ་གྱི་རྗེས་སུ་སློབ་མ་གསར་པ་བསྡུ་ལེན་བྱ་རྒྱུ་མིན།