ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༩

༄༅། །ཕ་ལྷ་ཕོགས་དཔོན་རྡོ་རྗེ་དབང་འདུད་ལགས་ནས་༸རྒྱལ་བའི་བཀའ་དགོངས་བཞིན་བརྩམས་བྲིས་གནང་བའི་ཕ་ལྷའི་མི་རྒྱུད་རིམ་པའི་སྲི་ཞུའི་བྱུང་བ་བརྗོད་པ་སྲོང་པོའི་གཏམ། ཞེས་པ་འདིའི་ནང་བོད་ཀྱི་ས་ཁམས་སྣོད་བཅུད་དང། རྒྱལ་རབས་དོན་བསྡུས། བོད་སིལ་བུར་ཐོར་བ་ནས་གཙང་པ་སྡེ་པའི་བར་གྱི་ལོ་རྒྱུས་སྙིང་བསྡུས། ཕ་ཇོ་ལྷ་ཁང་ཞེས་སྒེར་ཕ་ལྷའི་མིང་བྱུང་ཚུལ་དང། ཕ་ལྷའི་ཨ་ཞང་མགོ་ཆེན་ཞུ་བས་༸རྒྱལ་དབང་ལྔ་པ་མཆོག་གི་བཀའ་དགོངས་ལྷོ་འབྲུག་ཡུལ་གཞུང་འོག་ཚུད་ཐབས་གནང་བར་བདག་རྐྱེན་གཞིས་ཀ་སོགས་དང་དགའ་ལྡན་ཕོ་བྲང་པའི་ཞབས་གྲས་སུ་ཚུད་སྐོར། དེ་བཞིན་ཕ་ལྷ་མི་རྒྱུད་རིམ་བྱུང་དང་། ཕ་ལྷ་སྤྱི་ཁྱབ་མཁན་པོ་བྱམས་པ་ཆོས་རྒྱན། སྐྱེད་བྱེད་ཕ་ལྷ་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱི་སྐོར། གཅེན་པོ་ཕ་ལྷ་མགྲོན་ཆེ་ཐུབ་བསྟན་འོད་ལྡན་གྱི་མཛད་རྗེས། གཅེན་པོ་ཕ་ལྷ་རིམ་བཞི་བཀྲ་ཤིས་དབང་ཕྱུག་དང་། ཕ་ལྷ་རྡོ་རྗེ་དབང་འདུད་གང་ཉིད་ཀྱི་ལོ་རྒྱུས། རྩེ་ཤོད་གཞུང་ལས་པའི་གོ་གནས་དང་ཆས་གོས་སྐོར། ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེན་གཡོལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཞབས་གྲས་སུ་བཅར་བ་ནས་བཟུང་བཙན་བྱོལ་ནང་ཞབས་ཞུས་སྐོར། ཤུལ་ལུས་བཟའ་མི་བུ་ཕྲུག་དང་། ཕ་ལྷའི་མི་ངོ་བུ་སྤུན་ཕོ་མོ་རྣམས་མ་ཤི་གསོན་འཕྲད་བྱུང་སྐོར་བཅས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …