ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༧

མི་ཚེའི་ལོ་རྒྱུས་ཀྱི་ཁ་བྱང་ལས་བརྩམས་པའི་ཚིགས་སུ་བཅད་པ་དཔྱིད་ཉི་རིང་མོའི་དུས་ཚོད་ཅེས་བྱ་བ་བཞུགས་སོ།།

དེབ་འདིའི་ནང་རྩོམ་པ་པོ་བར་ཞི་རྗེ་དྲུང་ངག་དབང་བསྟན་སྐྱོང་ལགས་ནས་ཉིད་ཀྱི་འཁྲུངས་གཞིས་དང། ཡབ་ཡུམ། སློབ་གཉེར། སེར་མོ་བའི་ཁོངས་གཞུང་ཞབས་གསར་མཇལ་ཞུས་ཏེ་གནས་བདུན་པ་ཤིང་གཉེར་ནས་གནས་ལྔ་པ་རྩེ་མགྲོན་བར་སྲི་ཞུ་བསྒྲུབས་སྐོར། དེ་བཞིན་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། བཙན་བྱོལ་དུ་གྱར་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་ནང་བཀའ་བློན་གྱི་ཕྱག་རོགས་ཞུས་པ། ལས་བྱེད་ཁུ་བསྡུ་གནང་རྗེས་སུད་ཚོང་དུ་བསྐྱོད་དེ་འཚོ་ཐབས་སྐྱེལ་གནང་བ། མཐར་ཁེ་ཎ་ཌའི་གཞིས་ཁོངས་སུ་ཚུད་པ་སོགས་ཀྱི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ ཚིགས་སུ་བཅད་པའི་ལམ་ནས་བརྩམས་བྲིས་གནང་ཡོད།

 

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …