ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༦

༄༅། །ཕྱི་ལོ་ ༡༩༥༠ ཙམ་ནས་རྒྱ་དམར་གྱིས་བོད་ས་ཡོངས་ལ་བཙན་འཛུལ་བྱས་ཏེ་ནང་ཆེན་འབྲོང་པ་སྟོད་མའི་ཁུལ་ལྷགས་འབྱོར་བྱུང་ནས་ཐོག་མའི་ཆར་རྒྱ་དམར་ཚོས་རྒྱང་རིང་མཐོང་བའི་མིག་དང་། སྙིང་རུས་ཆེ་བའི་བློ་སྟོབས། མི་མང་དྲོད་པའི་བསམ་བློ་ཡོད་ན་ཆོས་གང་ཞིག་བྱས་ཀྱང་རང་དབང་དང་། ད་ཕན་གྱི་ཐོབ་གོ་ས་དང་སྔ་དུས་ཀྱི་བདག་དབང་རང་འཇགས་ཐོག་དཔོན་འགོ་སོ་སོའི་ཤེས་འཇོན་ལ་གཞིགས་པའི་གོ་གནས་འཐོབ་རྒྱུ་སོགས་བཤད་དེ་ཞི་འཇམ་ཁ་མཁས་གཡོ་སྒྱུའི་ཟློས་གར་འཁྲབ་ཀྱང་། རིམ་པས་བླ་དཔོན་མི་དྲག་སོགས་འཇུ་བཟུང་བཙན་འཁྲིད་ཀྱིས་སྡུག་ལས་སྣ་ཚོགས་བསྐུལ་བ་དང་། བོད་མིར་ཉེས་མེད་ཉེས་འགེལ་གྱིས་དམར་གསོད་བཏང་སྟེ་དྲག་གནོན་ཅི་ཆེའི་འོག་དཀའ་སྡུག་མྱངས་སྐོར་དང་། ཕ་ཡུལ་ནས་ཡུལ་བྱོལ་དུ་ཐོན་རྗེས་ལམ་བར་རྒྱ་དམག་དང་ཁྱོད་ཤི་ང་གསོན་གྱི་དམག་འཐབ་ལན་མང་བྱས་མཐར་ལ་དྭགས་བརྒྱུད་བཙན་བྱོལ་དུ་འབྱོར་བའི་གནས་ཚུལ་བཅས་གསལ།།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …