ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༢༠

ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༠ པ་ཤེས་རིག་བཀའ་བློན་ལས་རོགས་ཟུར་པ་བར་ཞི་རྗེ་དྲུང་ངག་དབང་བསྟན་སྐྱོང་ལགས་ཀྱིས་བརྩམས་གནང་མཛད་པའི་མི་ཚེའི་ལོ་རྒྱུས་དངོས་བྱུང་བདེན་པའི་རང་སྒྲ་ཞེས་པ་འདིའི་ནང། བར་ཞི་མི་ཐོག་རིམ་བྱུང་གི་ལོ་རྒྱུས་དང། རྩོམ་པ་པོ་གང་ཉིད་ ༡༩༣༩ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཞབས་སྣེར་ཚུད་པ་ནས་རང་དབང་སྒེར་ལངས་མ་བྱས་བར་དུ་སྤྱི་སྒེར་གྱི་ཐུགས་ཁུར་ཇི་བཞེས་དང། ༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྷ་ལྡན་རྒྱལ་སར་གདན་ཞུ་དང་འབྲེལ་གསེར་ཁྲིར་མངའ་གསོལ་ཞུས་སྐོར། ར་སྟག་དབར་གྱི་དོན་རྐྱེན། རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་པའི་སྔ་རྗེས་ཀྱི་གནས་ཚུལ། ༡༩༥༩ ལོར་རྒྱ་གར་འཕགས་ཡུལ་དུ་བྲོས་བྱོལ་ཕེབས་ཚུལ། སྨན་རྩིས་སློབ་གྲྭ་གསར་འཛུགས། ཤེས་རིག་བཀའ་བློན་ལས་རོགས་ཀྱི་ཐུགས་འགན་བཞེས་པ་སོགས་ཀྱི་གཞུང་དོན་ཕྱག་ལས་ཇི་གནང་། ཁེ་ཎ་ཌར་གཞིས་ཆགས་གནས་སྤོས་རྗེས་འཚོ་ཐབས་སྐྱེལ་གནང་སྐོར། སླར་ཡང་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་སྨན་རྩིས་འགན་འཛིན་ལས་རོགས་ཀྱི་ཐུགས་འགན་བཞེས་པ་སོགས་ཀྱི་ལོ་རྒྱུས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …