ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ་བ་དཔལ་ལྡན་རྒྱ་མཚོ་ལགས་ནས་གསུངས་པའི་ལོ་རྒྱུས་ཕྱག་དེབ་འདིའི་ནང་། རྩོམ་པ་པོའི་འཁྲུངས་ཡུལ་མྱང་དཀྱིལ་པ་སྣམ་དང། ཁྲལ་རྟེན། པ་སྣམ་སྒ་གདོང་དགོན། འབྲས་ཚ་བ་ཁང་ཚན་དུ་སྒྲིག་ཞུགས། གྲྭ་སྐོར་མཚན་བཞེས་མཛད་སྒོ། འཇང་དགུན་ཆོས་སོགས་ཀྱི་སྐོར། ས་ཕག་ལོའི་དགུང་གསར། སྨོན་ཚོགས། ལྷ་སར་ཟིང་འཁྲུག མི་མང་སྒེར་ལངས། སེར་དམག་དང་བླངས། པ་སྣམ་དུ་རྒྱ་མིས་སེར་སྐྱ་མི་དྲག་ལ་དོ་དམ་བཙོན་འཇུག བཙོན་པར་དུས་མིན་འཆི་གོད་ཇི་བྱུང་། བཙོན་པའི་འཚོ་བའི་གནས་སྟངས་དང། སྡུག་སྦྱོང། སྲོག་ཐོག་བཏང་སྐོར། དེ་བཞིན་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་སྐབས་བོད་མི་མང་པོ་ཞིག་རང་ཤི་རྒྱག་དགོས་བྱུང་བ་དང། སྲོག་ཐོག་བཏང་བ། མི་མང་གིས་ངོ་རྒོལ། རྒྱ་མིས་དྲག་གནོན་ཇི་བྱས། བཙོན་འགྲོལ་ཐོབ་སྐོར། བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ། རྒྱལ་སྤྱིའི་ནང་བོད་དོན་བདེན་མཐའ་སེལ་ཐབས་ཆེད་ལས་འགུལ་སྣེ་མང་སྤེལ་སྐོར་སོགས་བཀོད་ཡོད།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༨

༄༅། །སྐུ་སྒེར་ད …