ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༦

༄༅། །དེབ་ཕྲེང་འདིའི་ནང་རྩོམ་པ་པོ་བཀའ་ཟུར་མདོ་སྔགས་བསྟན་འཛིན་ལགས་ཀྱི་ཕ་རྒྱུད་དང་མ་རྒྱུད་ཕྱོགས་ནས་བོད་བསྟན་སྲིད་ཀྱི་ཞབས་འདེགས་བསྒྲུབས་ཚུལ་དང། ཁོང་ནས་ཆུང་དུས་སྲོལ་རྒྱུན་སློབ་གཉེར་གནང་སྟངས། ཁ་དང་གྲྭ་བཞི་དམག་ཞབས་ཁོངས་ཞུགས་པ། རྒྱ་དམར་གྱི་དྲག་གནོན་ལ་བོད་མིས་ཞི་རྒོལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེན་གཡོལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་སྐུ་ཕྱྭའི་འགན་སྲུང་ཞུས་སྐོར། རྒྱ་གར་གྱི་ས་མཚམས་ནས་བོད་དུ་ཕྱིར་ལོག་གིས་དགྲ་བོར་འཐབ་རྒོལ་འཆར་གཞི་བཏིངས་ཀྱང་ལམ་ལྷོང་མ་བྱུང་བའི་སྐོར། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་འབྱོར་རྗེས་སྒང་ཏོག་ཁུལ་ལམ་བཟོར་བསྐྱོད་པ། མ་སུ་རིར་སློབ་གྲྭ་གསར་འཛུགས་གནང་སྐབས་སློབ་དགེའི་ལས་ཁུར་ཞུས་པ། དྷ་སར་ལས་བྱེད་སྦྱོང་བརྡར་ཐེངས་དང་པོའི་ཁོངས་ཞུགས་རྗེས་ཏི་ཛུ་གཞིས་ཆགས་གསར་འཛུགས་སྐབས་གཞིས་འགོ་དང། དྲག་སློབ་ཁྱིམ་གཞིས་འགོ་འཛིན་དང་མཉམ་འབྲེལ་དྲུང་ཆེ། ལས་བྱེད་བདག་གཉེར་ཁང་གི་རྒྱུན་ལས། བཱིར་ནང་ཆེན་གྱི་གཞིས་འགོ། ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ། བཀའ་དྲུང། རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན། བདེ་སྲུང་བཀའ་བློན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བཅས་ཀྱི་ཐུགས་འགན་བཞེས་སྐོར། མཐོང་ཐོས་དངོས་མྱོང་གི་དཔྱད་གཏམ་ཁག་གཅིག་བཅས་བརྩམས་བྲིས་གནང་ཡོད།།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …