ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༥

དེབ་ཕྲེང་འདིའི་ནང་ལོ་རྒྱུས་གསུང་པ་པོ་རྩེ་དྲུང་ཤར་རྩེ་ཡེ་ཤེས་ཐུབ་བསྟན་ལགས་དགའ་ལྡན་ཤར་རྩེའི་ཁོངས་ནས་གྲྭ་འཕྱགས་ཀྱིས་རྩེ་རིག་གནས་སློབ་གྲྭར་སློབ་གཉེར་གནང་ཞིང། རྩེ་དྲུང་དུ་བསྐོ་གཞག་རྗེས་སྨོན་ཚོགས་ཤིང་སྒྲུབ་དང་། ལོ་བརྒྱད་རིང་དྭགས་པོ་དགའ་རབ་བླ་གཉེར། ཧོར་སྦྲ་ཆེན་གྱི་རྫོང་སྡོད། རྫོང་གཞིས་གཞུང་འཛིན་གནང་རྗེས་ལོ་ལྔའི་རིང་རྫོང་དགའ་རྫོང་སྡོད། རུ་ཐོག་རྫོང་སྡོད་ཀྱི་ལས་ཁུར་ཞུ་མུར་རྒྱ་དམར་གྱིས་དོ་དམ་བཙོན་འཇུག་བྱས་སྐོར། རྭ་སྟག་དོན་རྐྱེན་ལས་འཕྲོས་ཏེ་རྩེ་ཤར་ཆེན་ལྕོག་ཏུ་རྭ་སྒྲེང་རིན་པོ་ཆེའི་བཙོན་སྲུང་ཞབས་ཞུས་སྐོར། བོད་ལྗོངས་ཚོགས་འདུ་ནས་རྭ་སྒྲེང་རིན་པོ་ཆེར་བཀའ་ཞིབ་དང། གཤེགས་རྐྱེན། སེར་གཞུང་ནང་འཁྲུག ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཁྲལ་བུན་ལམ་གསུམ་ཟོར་ཡང་ལེགས་བཅོས་སྩལ་སྐོར། གྭ་རྒྱ་འགྲམ་ནག་སྐོར། སི་ལིང་པུའུ་ཟེར་བའི་དམག་སྒར་ནང་བོད་ཀྱི་དབུ་ཁྲིད་ཆེ་ཁག་འཇུག་ཡུལ་བཙོན་ཁང་དམིགས་བསལ་བཟོས་ཡོད་སྐོར། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ། རྩེ་ཕོ་བྲང་ཞིག་གསོ་སོགས་ཀྱི་སྐོར། དེ་བཞིན་རྫོང་དགའ་ཚེ་དབང་རབ་རྒྱས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བཙན་བྱོལ་དུ་ཕེབས་རྗེས་ལམ་བཟོ་དང། ཧུན་སུར་གཞིས་ལས་མཉམ་སྦྲེལ་ཚོགས་མི། རུམ་འཐག་བཟོ་སྡེའི་དངུལ་གཉེར་སོགས་སྤྱི་ཚོགས་ཞབས་ཞུ་ལོ་མང་བསྒྲུབས་སྐོར། ༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གསུམ་པའི་འཁྲུངས་ཡུལ། བོད་ཀྱི་རི་དྭགས་དང་སྒོ་ཟོག བལ་བོད་དམག་འཁྲུག་དང་ཆིངས་ཡིག་བཞག་སྐོར་བཅས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …