༄༅། །ཁ་དང་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ནས་བརྩམས་བྲིས་གནང་བའི་དེབ་འདིའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཁ་བརྒྱུད་ཉེན་གཡོལ་དུ་ཕེབས་རིམ་དང་། བོད་གཞུང་དམག་སྒར་ཁག་གི་འབྱུང་ཁུངས་དང། དམག་འབོར་འཕེལ་འགྲིབ། དམག་སྒར་གྱི་གནས་སྟངས། བསྟན་སྲུང་དྭང་དམག་སྒྲིག་འཛུགས་དང་། དམག་སྒར་ཁག རྒྱ་ཁྱབ་མང་ཚོགས་བཅས་ནས་རྒྱ་རྒོལ་ལས་ཐབས་ཇི་ལྟར་བསྒྲུབས་སྐོར། ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་བར་གྱི་བོད་དམག་གི་གྲངས་འབོར་དང། ཆས་གོས། དགྲ་འཐབ་ལག་ཆས་མཐུན་རྐྱེན། བཞུགས་རེས་དམག་སྒར་གྱི་འགོ་དམག་ནས་ལོ་འཁོར་འཆར་འཕར་ལས་འགན་སྒྲུབ་སྒོ། བྱང་སྤྱི་མཁན་རིམ་གྱི་སྐུ་སྲུང་དང། ས་མཚམས་སོ་ཞིབ་ཏུ་ཕེབས་སྐོར། བྱང་རིགས་སྡེ་ཁག་ངོ་སྤྲོད། ནག་མངའ་རླངས་འཁོར་ལྟ་ཚོད་རུ་ཁག་གི་སྣེ་ཤན་སྐུ་ཚབ་ཏུ་ཕེབས་སྐོར། སྤྱི་འཐུས་དང་ཚོགས་གཙོའི་ཐུགས་འགན་བཞེས་སྐབས་གཞེན་སྐུལ་བསམ་ཤོག་དང་གཏམ་བཤད་ཞུས་རིགས། བདེ་སྲུང་ལས་ཁུངས་ཀྱི་སྐུ་ཚབ་ཞུས་ཏེ་གློ་ཁུལ་ཆོལ་གསུམ་དྭང་སློབ་སྒྲིག་འཛུགས་ལ་འབོད་སྐུལ་དོན་བྱེད་དུ་ཕེབས་པ། ལྷོ་ཁ་བསྟན་སྲུང་དྭང་དམག་དང་བོད་གཞུང་དམག་སྒར་དབར་སྤྱི་དོན་འབྲེལ་མཐུད་མཉམ་རུབ་ཇི་བྱས་ཚིག་ཐོ། བྲའུ་དཔོན་ལ་ཕུལ་བའི་དམག་སྒར་སྤྱིའི་ལོ་རྒྱུས། བཙན་བྱོལ་དུ་འབྱོར་འཁོད་འགོ་དམག་དང། ས་སྦྲུལ་ལོའི་བརྟན་བཞུགས་བཅས་བོད་གཞིས་བྱེས་གཉིས་སུ་ཞི་དྲག་གི་སྲི་ཞུ་བསྒྲུབས་སྐོར་བཅས་གསལ།།