ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༤ ཉིན་སྔ་དྲོའི་ཕྱག་ཚོད་ ༡༡།༠༠ ཐོག་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཟིན་པའི་དཔེ་དེབ་གསར་པ་བཞི་དབུ་འབྱེད་གནང་།
དཔེ་དེབ་གསར་ཐོན་རྣམས་གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store)ནས་མངགས་ཉོ་བྱེད་ཐུབ། ཤོག་ཐོག་དེབ་དངོས་(Paperback)གཟིགས་འདོད་ཡོད་རིགས་ནས་གཤམ་གྱི་གློག་འཕྲིན་ཁ་བྱང་ལ་འབྲེལ་བ་ཡོད་པ་ཞུ། salesltwa@tibetanlibrary.org དེ་དང་འབྲེལ་བའི་དོགས་འདྲི་ཡོད་རིགས་ཞལ་པར་ཨང་གྲངས་ ༨༢༡༩༥༣༣༧༤༦ འདིའི་ཐོག་འབྲེལ་བ་གནང་རོགས་གནང་།
༡ སྤྱོད་འཇུག་ཆེན་མོ་གླེང་བ།
༢ སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད།
༣ བོད་ནང་དུ་བྱིས་པའི་མི་ཚེ།
༤ དགེ་བཤེས་ཡེ་ཤེས་ཐབས་མཁས་ཀྱི་མཛད་རྣམ་རིན་ཆེན་བང་མཛོད།