༄༅།།༸རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ།

འཇིག་རྟེན་ཞི་བདེའི་དེད་དཔོན་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་གསེར་ཞལ་འཛམ་གླིང་འདིར་བཞད་ནས་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། རིང་མིན་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་ནས་བོད་མི་ཡོངས་ཀྱིས་གསུང་གི་བདུད་རྩི་ལ་ངོམས་མེད་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་ལན་བརྒྱར་ཞུ་བས་སྔོན་བསུས་ཏེ།

བོད་ཀྱི་དཔེ་མཛོད་ཁང་གི་ཁ་བའི་གཅེས་ནོར་གྱིས་༸རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལས་རིམ་གཤམ་གསལ།
དང་པོ། དཔེ་མཛོད་དབུ་འཛིན་དང་ཁ་བའི་གཅེས་ནོར་གྱི་སློབ་སྟོན་པ་གཅིག་ལྕོགས་དགེ་བཤེས་ལྷག་རྡོར་ལགས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད།
གཉིས་པ། ཁ་བའི་གཅེས་ནོར་གྱི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་ལགས་ནས་༸རྒྱལ་བའི་ཆོས་ཕྱོགས་ཀྱི་མཛད་རྗེས་དང་འབྲེལ་བའི་གཏམ་བཤད།
གསུམ་པ། ཁ་བའི་གཅེས་ནོར་གྱི་ཚོགས་མི་པདྨ་སྒྲོལ་དཀར་ནས་༸རྒྱལ་བའི་ཆབ་སྲིད་ཀྱི་མཛད་རྗེས་དང་འབྲེལ་བའི་གཏམ་བཤད།
བཞི་པ། ཁ་བའི་གཅེས་ནོར་གྱི་ཚོགས་གཞོན་བཀྲ་ཤིས་མཚོ་མོ་ནས་༸རྒྱལ་བའི་གསུང་ཕྱག་དེབ་གལ་ཆེན་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད།
ལྔ་པ། ཁ་བའི་གཅེས་ནོར་གྱི་ཚོགས་མི་བུ་ཟླ་བ་ནས་༸རྒྱལ་བའི་བཀའ་དྲིན་རང་གི་ཉམས་མྱོང་དང་འབྲེལ་བའི་གཏམ་བཤད་བཅས་དྲྭ་ལམ་ནས་ཐད་གཏོང་ཞུ་རྒྱུ་དང་།
སྐུའི་འཁྲུངས་སྐར་ཉིན་ཁ་བའི་གཅེས་ནོར་གྱི་ཚོགས་མི་ཡོངས་ནས་རང་མོས་དང་བླངས་ཀྱིས་དཀར་སྐྱོང་བསྟེན་རྒྱུ་བཅས་ཀྱི་ལས་འགུལ་ཡོད་པས་གང་མང་མཉམ་ཞུགས་ཡོང་བའི་རེ་བསྐུལ་ཞུ།

གོ་སྒྲིག་པ། ཁ་བའི་གཅེས་ནོར།
ཕྱི་ཚེས། ༢༠༢༡ ལོའི་ཟླ་ ༧ པའི་ཚེས་ ༦ འཁྲུངས་སྐར་དགེ་བའི་ཉིན།
དུས་ཚོད། ཞོགས་པའི་ཆུ་ཚོད་ ༡༠ པ་ནས་དབུ་འཛུགས་ཞུ་རྒྱུ་ཡིན།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།