ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་འཛོམས་ཐེངས་གསུམ་གྱི་རིང་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད།

འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཁ་བའི་གཅེས་ནོར་གྱི་ཐེངས་རྗེས་མའི་གཏམ་བཤད་ལས་རིམ་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་འཛོམས་ཐེངས་གསུམ་གྱི་རིང་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད་གནང་རྒྱུའི་ཞལ་བཞེས་སྐལ་བཟང་ཐོབ་སོང་བས། དོན་གཉེར་ཅན་གྱི་མང་ཚོགས་རྣམ་པས་དེབ་སྐྱེལ་བྱས་ན་ཛུམ་ལྷན་འཛོམས་(Zoom Meeting)ནང་མཉམ་ཞུགས་བྱེད་ཐུབ་ལ། དེ་མིན་བོད་ཀྱི་དཔེ་མཛོད་ཁང་གི་ངོ་དེབ་བརྒྱུད་ནས་ཐད་གཏོང་ཡང་གཟིགས་ཐུབ། ཞིབ་ཕྲའི་གནས་ཚུལ་གཤམ་གསལ།
གཏམ་བཤད་པ། ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན།
བརྗོད་གཞི། ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི།
ཟླ་ཚེས། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༦། ཟླ་ ༧ ཚེས་ ༣ དང་ ༡༠། རེས་གཟའ་སྤེན་པ།
དུས་ཚོད། རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༡༠:༠༠ ནས་ ༡༡:༠༠ བར།
བོད་ཀྱི་དཔེ་མཛོད་ཁང་གི་ངོ་དེབ་བརྒྱུད་ནས་ཐད་གཏོང་ཡང་གཟིགས་ཐུབ།

 

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

རང་ལོ་ ༤༠ ལས་མ་བརྒལ་བ་དང་། གོང་གསལ་ཆ་རྐྱེན་ཚང་ཞིང་ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ།...