ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༠

དེབ་ཕྲེང་འདིའི་ནང་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ཡབ་ཡུམ་གཉིས་དང་འཁྲུངས་ཡུལ་སྐོར། དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་སུམ་རྟགས་དང། སྙན་ངག སྨན་རྩིས། རྡེལ་རྩིས། དགུ་མཐའ། ཆ་ཕྲན། རྐྱང་རྡེལ་སོགས་སྲོན་རྒྱུན་བོད་ལུགས་རིག་གནས་སྤྱིར་སློབ་གཉེར་གནང་བ་མ་ཟད། བླ་མ་སྐྱེས་ཆེན་མང་པོའི་ཞལ་སྔ་ནས་དམ་པའི་ཆོས་ཀྱི་འཁྲིད་ལུང་ནོད་སྐོར། སློབ་དཔོན་རིན་པོ་ཆེར་ཐུགས་རྗེ་བསྐུལ་བའི་གསུང་མགུར་སོགས་ཚིགས་བཅད་བཀའ་རྩོམ་ཁག་གཅིག བཙན་བྱོལ་དུ་ཕེབས་རྗེས་འབྲས་ལྗོངས་སུ་དགེ་རྒན་གྱི་ཕྱག་ལས་གནང་སྐོར། དེ་རྗེས་ཆོས་དོན་ལྷན་ཁང་ནས་སྨན་རྩིས་ཁང་གི་སློབ་དགེར་བསྐོ་བཞག་གནང་བ། ཞར་དུ་རིགས་ལམ་སློབ་གྲྭ་དང། ཝར་ཎ་མཐོ་སློབ། བོད་གཞུང་ལས་བྱེད། བླ་སྤྲུལ། དགེ་འདུན་སོགས་དོན་གཉེར་ཅན་རྣམས་ལ་བོད་ཀྱི་རིག་གནས་ཟུར་འཁྲིད་གནང་སྐོར་བཅས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༢༠

ངག་རྒྱུན་ལོ་རྒྱ …