ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༣

ཀླུ་ཁང་སྲས་བདེ་མཁར་བ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གསུམ་པ་སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས་ཞེས་པ་འདིའི་ནང་། བོད་ཀྱི་སྲིད་བློན་ཞིང་གཤེགས་བདེ་མཁར་བ་ཚེ་དབང་རབ་བརྟན་ནམ་ཡོངས་གྲགས་སྐུ་ངོ་ཀླུ་ཁང་པ་དམ་པ་གང་ཉིད་ཀྱིས་ཆུང་དུས་སློབ་གཉེར་ཇི་གནང་དང་། ཤོད་སྐོར་སྤྱི་ཁྱབ་ལས་ཁུངས་རྩིས་ཁང་ཕུན་ཚོགས་བཀོད་པའི་ནང་གནས་དྲུག་པ་རྩིས་པའི་ཕྱག་ལས་གནང་སྐོར། སྔ་རྗེས་མདོ་སྤྱིའི་བཀའ་དྲུང་ལས་ཁུར་ཞུས་སྐོར། རྒྱ་མིས་བོད་དུ་བཙན་འཛུལ་རྗེས་སྲིད་ཚབ་ཀྱི་ཐུགས་འགན་བཞེས་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དགྲ་བོར་དངོས་སུ་གདོང་བསྟན་ནས་ངོ་རྒོལ་མཐར་སྐྱེལ་མཛད་པ། རྒྱ་གར་དུ་བཙན་བྱོལ་ཕེབས་རྗེས་བོད་དོན་ཕྱག་ལས་ཇི་གནང་གི་སྐོར་སོགས་གསལ།

Next Prev
Next Prev

Check Also

ངག་རྒྱུན་དེབ་ཕྲེང་ངོ་སྤྲོད། ༡༩

འབྲས་བློ་གླིང་ཚ …