༧བྱམས་མགོན་༧ཀྭན་ཏིང་ཏྰའི་སི་ཏུ་རིན་པོ་ཆེ་མཆོག་བོད་ཀྱི་དཔེ་མཛོད་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་༧བྱམས་མགོན་༧ཀྭན་ཏིང་ཏྰའི་སི་ཏུ་རིན་པོ་ཆེ་མཆོག་དང་སྐུ་འཁོར། བཀའ་བརྒྱུད་སྤྱི་འཐུས་སྐུ་ཚབ་གཉིས། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་ཤིང་། སྐབས་དེར་འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། སྤྱི་ཁྱབ་དྲུང་ཆེ་ངག་དབང་ཡེ་ཤེས་ལགས་ཀྱིས་དབུས་དཔེ་མཛོད་ཁང་གི་ལས་བྱེད་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ནས་ཁོང་རྣམ་པར་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དང་དམིགས་ཡུལ། དེ་བཞིན་སྡེ་ཚན་ཁག་དང་སྡེ་ཚན་སོ་སོའི་ལས་འཆར། འགྲེམ་སྟོན་ཁང་སོགས་ཀྱི་སྐོར་ངོ་སྤྲོད་ཞུས།

 

Next Prev
Next Prev

Check Also

༈ ནང་ཆོས་དང་བོད་ཀྱི་སྐད་ཡིག་འཛིན་གྲྭའི་མཇུག་སྡོམ་མཛད་སྒོ་།

༈  དེ་རིང་རབ་གནས་ཤིང་འབྲུག་ལོ་སྟེ་ ༢༠༢༤ ཟླ་ ༡༢ ཚེས་ ༡༣ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་བོད་ཀྱི་སྐད་ཡིག་དང་ནང་ཆོས་འཛིན་གྲྭའི་མཇུག་སྡོམ་མཛད་སྒོའི་ཐོག...