༢༠༢༣ ཟླ་བ་ ༧ པའི་ཚེས་ ༡༧ ནས་ཚེས་ ༢༠ བར་ཉིན་བཞིའི་རིང་དགེ་བཤེས་བརྩོན་འགྲུས་ལགས་ནས་དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས་ཞེས་པའི་ཕྱག་དེབ་དེ་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ནས་ ༤།༣༠ བར་འཁྲིད་གནང་རྒྱུ་ཡིན་པས་དེ་དོན་དོན་གཉེར་ཅན་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས་རྒྱུ་དང་། གོང་གསལ་སློབ་འཁྲིད་གནང་རྒྱུའི་ཕྱག་དེབ་ཀྱང་འདི་གར་བླུ་ཡོན་འཕུལ་རྒྱུ་ཡོད་པས་གཟིགས་ཞིབ་ཀྱིས་ནང་ཆོས་གོ་རྟོགས་སྤེལ་བར་ཤུགས་སྣོན་དང་ཐུགས་ཕན་གསོས་རེ་བཅས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་ནས་ ༢༠༢༣ ཟླ་བ་༧ པ་ཚེས་ ༡༠ ལ།།
Check Also
དཔེ་དེབ་དབུ་འབྱེད།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔེ་དེབ་དྲུག་དབུ་འབྱེད་གནང། དཔེ་དེབ་གསར་ཐོན་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་གུ་གལ་དྲྭ་ཐོག་(Google Play Book Store) བཅས་ནས་མངགས་ཉོ་བྱེད་ཐུབ།