ས་མིག་གསལ་བསྒྲགས།

ས་མིག རྩོམ་སྒྲིག་ཇུས་བཀོད་པ། (Editorial Designer) (དབྱིན་ཡིག་ཚན་པ།)
ཤེས་ཚད། ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་ (BA ལ་སོགས་) པའི་ལག་འཁྱེར་ཡོད་པ་མ་ཟད། རྩོམ་སྒྲིག་པའམ་ཡང་ན་དཔར་སྐྲུན་གྱི་ཉམས་མྱོང་ཉུང་མཐར་ལོ་གཅིག་ཡོད་པ།
ལོ་ཚད། ༣༥ ལས་མི་བརྒལ་བ། (འདི་ལོ་ཕྱི་ཟླ་ ༧ ཚེས་ ༣༡ ལ།)
དགོས་ངེས་ཅན། ༡། དབྱིན་ཡིག་གནས་ཚད་མཆོག་ཏུ་གྱུར་བ།

༢། རང་སྐྱ་འཕེར་བའི་ཐོག་ནས་དབྱིན་ཡིག་རྩོམ་སྒྲིག་བྱེད་ཐུབ་པ།

༣། བོད་ཡིག་གི་གནས་ཚད་གང་ལེགས་ཡོད་པ།

༤། ཨིན་ཌི་ཛན་ (In-Design) གྱི་ཤེས་ཚད་གང་ལེགས་ཡོད་པ།

ཆ་རྐྱེན་ཡིག་ཆ། ༡། ཤེས་ཚད་དང་ཉམས་མྱོང་གི་ལག་འཁྱེར།

༢། ཁྲིམས་མཐུན་སྐྱབས་བཅོལ་ལག་འཁྱེར་ཡང་ན་ཕྱི་བསྐྱོད་ལག་འཁྱེར།

༣། བོད་མིའི་དང་བླངས་དཔྱ་དངུལ་དུས་ཐོག་ཕུལ་བའི་ལག་དེབ།

༤། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར།

ལས་ཀའི་ངོ་བོ། དབྱིན་ཡིག་རྩོམ་སྒྲིག་དང་དཔར་སྐྲུན་གྱི་ལས་ཀ

གོང་གསལ་ཆ་རྐྱེན་ཚང་ཞིང། ལས་རིགས་དེའི་ནང་འཛུལ་བློ་ཡོད་རིགས་ནས་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང་། ཆ་རྐྱེན་ཡིག་ཆའི་ངོ་བཤུས་བདེན་དཔང་འཕེར་བ་བཅས་ཀྱི་འཚང་སྙན་ ༢༠༢༣ ཕྱི་ཟླ་ ༧ ཚེས་ ༣༡ འགྱངས་མེད་འདི་ལས་སུ་འབུལ་དགོས།

 

འབྲེལ་གཏུགས་ཁ་བྱང།

 

འབྲེལ་གཏུགས་ཁ་བྱང།
Office Secretary
Library of Tibetan Works & Archives
Gangchen Kyishong
Dharamsala – 176 215, H.P.
E-mail: ltwa1970@gmail.com

Check Also

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་།

དྷ་ས་བོད་ཀྱི་དཔི་མཛོད་ཁང་ནས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞེས་པའི་ལས་འཆར་འོག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་ཞེས་པའི་བརྗོད་གཞིའི་སྟེང་ཉིན་གསུམ་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢ ནས་ ...