༢༠༢༣ ཟླ་བ་ ༧ པའི་ཚེས་ ༢༤ ནས་ ༢༨ བར་ཉིན་ལྔའི་རིང་དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས་ནས་༸རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་སྐོར་དགོང་དྲོ་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར་འཁྲིད་གནང་རྒྱུ་ཡིན་པས་དེ་དོན་དོན་གཉེར་ཅན་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས་རྒྱུ་དང་། གོང་གསལ་སློབ་འཁྲིད་གནང་རྒྱུའི་ཕྱག་དེབ་ཀྱང་འདི་གར་བླུ་ཡོན་འཕུལ་རྒྱུ་ཡོད་པས་གཟིགས་ཞིབ་ཀྱིས་ནང་ཆོས་གོ་རྟོགས་སྤེལ་བར་ཤུགས་སྣོན་དང་ཐུགས་ཕན་གསོས་རེ་བཅས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་ནས་ ༢༠༢༣ ཟླ་བ་ ༧ པ་ཚེས་ ༡༠ ལ།།
Check Also
ནང་ཆོས་དང་ཚན་རིག་གཉིས་ཀྱི་འགྲེམས་སྟོན།
སོག་ཡུལ་རྒྱལ་ས་ཨུ་ལཨན་བྷ་ཊར་ནང་ཡོད་པའི་ཅིང་གྷིས་ཁཱན་འགྲེམས་སྟོན་ཁང་དུ་ནང་ཆོས་དང་ཚན་རིག་གཉིས་ནས་འགྲེལ་བརྗོད་བྱེད་པའི་དབང་པོའི་འཇིག་རྟེན་དང་ཁོར་ཡུག་དང་རྡུལ་ཕྲན་སྐོར་གྱི་འགྲེམས་སྟོན།
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.