ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་སློབ་དཔོན་མི་ཤེལ་བིཊ་བོལ་མཆོག་ནས་དངོས་ཁམས་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བའི་སྐོར་གཏམ་བཤད།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ནས་ ༨ བར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཉིན་གྲངས་གསུམ་གྱི་དུས་ཡུན་ན་ནང་ཆོས་དང་དངོས་ཁམས་ཚན་རིག་གི་བརྗོད་གཞི་ཁག་གི་གཏམ་བཤད་ལེགས་པར་གྲུབ་ཡོད། ཚོགས་འདུ་ཉིན་དང་པོར་སློབ་དཔོན་མི་ཤེལ་བིཊ་བོལ་གྱིས་ཚན་རིག་གི་ངོ་བོ་དང་རྣམ་གཞག་འདྲ་མིན་གྲུབ་ཚུལ། དེ་བཞིན་རང་འབྱུང་ཁམས་ཀྱི་ཆོས་ཉིད་གང་ཡིན་མིན་སོགས་ཀྱི་སྐོར་ལ་ངོ་སྤྲོད་སྙིང་བསྡུས་ཤིག་གནང་ཡོད། ཉིན་གཉིས་པའི་ཐོག་ཚད་རྡུལ་ཤུགས་རིག་གི་ངོ་སྤྲོད་དང་། ནང་ཆོས་དང་ཚན་རིག་དབར་གྱི་མཚུངས་ཆོས། མི་མཚུངས་པའི་གནད། ཕན་ཚུན་ཁ་སྐོང་བྱེད་སའི་གཞི་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད། ཉིན་གསུམ་པའི་ཐོག་ནུབ་ཕྱོག་པའི་ལྟ་གྲུབ་སྨྲ་བ་ཀན་ཌི་དང་ཧ་སི་རལ་གཉིས་ཀྱི་སྐོར་དང་ཁོང་གཉིས་ཀྱི་ལྟ་བ་དང་ནང་ཆོས་ཀྱི་སྤྱོད་ཚུལ་བར་གྱི་མཚུངས་ཆོས། དེ་བཞིན་སྣང་ཚུལ་རིག་པའི་སྐོར་ལའང་ངོ་སྤྲོད་མཛད་ཡོད། གཏམ་བཤད་དེའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། བོད་ཁྱིམ་སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན། ས་རཱ་མཐོ་སློབ་ཀྱི་ནང་དོན་རིག་པའི་སློབ་ཕྲུག དེ་བཞིན་དཔེ་མཛོད་ཁང་གི་སློབ་ཕྲུག་དང་ལས་བྱེད་བཅས་མི་གྲངས་སུམ་ཅུ་ཡས་མས་ཤིག་གིས་མཉམ་ཞུགས་གནང་ཡོད།

 

Next Prev
Next Prev

Check Also

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་དགུ་པ་འགོ་ཚུགས་པ།

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༡ ནས་ ཚེས་ ༢༢ བར་བདུན་ཕྲག་གཉིས་ཀྱི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་དགུ་པ་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུ་ཚུགས་བཞིན་ཡོད་པ་དང་། ...