སློབ་དཔོན་ཆེན་མོ་མི་ཤེལ་བྷིཊ་བོལ་གྱིས་དེང་དུས་ཚན་རིག་དང་ནང་ཆོས་སྐོར་གྱི་གཏམ་བཤད།

སྤྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དངོས་ཁམས་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བའི་སྐོར་དངོས་ཁམས་ཚན་རིག་པ་གྲགས་ཅན་མི་ཤེལ་བྷིཊ་བོལ་(Michel Bitbol) ཡིས་གཏམ་བཤད་ཅིག་འདི་གེའི་ཚན་རིག་སྡེ་ཚན་ནས་གོ་སྒྲིག་ཞུས་ཡོད། གཏམ་བཤད་རྣམས་དབྱིན་སྐད་ཐོག་གནང་རྒྱུ་ཡིན།

ཉིན་གསུམ་གྱི་བརྗོད་གཞི་དང་དུས་ཚོད་རེའུ་མིག་གཤམ་གསལ།

ཉིན། དུས་ཡུན། བརྗོད་གཞི།
དང་པོ། (༦/༠༡/༢༠༢༠) ༡༠།༠༠–༡༢།༠༠ ཚན་རིག་ཞེ་ན་ཅི་རེད། གསར་རྙེད་དང་ར་སྤྲོད་བྱེད་པ།
༢།༠༠– ༤།༠༠ རང་བྱུང་ཁམས་ཀྱི་ཆོས་ཉིད་གང་ཡིན་ནམ།
གཉིས་པ། (༧/༠༡/༢༠༢༠) ༡༠།༠༠–༡༢།༠༠ ནང་ཆོས་དང་འཚམས་པའི་ཚན་རིག་གི་ཤེས་བྱར་འཇུག་མཁན་གྱི་ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་ཀནཊ་དང་ཧ་སེ་རལ་གཉིས་ཀྱི་སྐོར།
༢།༠༠– ༤།༠༠ ཧ་སེར་ལིའི་སྣང་ཚུལ་རིག་པ།(ནུབ་ཕྱོགས་པའི་དཔྱད་སྒོམ།)
གསུམ་པ། (༨/༠༡/༢༠༢༠) ༡༠།༠༠–༡༢།༠༠ ནང་ཚན་གཉིས་ཀྱི་འབྲེལ་ཆོས།
༢།༠༠– ༤།༠༠ ཚད་རྡུལ་དངོས་ཁམས། དབུ་མ་བའི་གྲུབ་མཐའ་ཐོག་ནས་དཔྱད་པ།

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།