ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་ལྔའི་རིང་གི་བོད་ཀྱི་སྐད་ཡིག་དང་། ནང་ཆོས་བཅས་ཀྱི་སློབ་ཚན་གྱི་མཇུག་སྡོམ་མཛད་སྒོ་བྱས། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་ཆེ་དང་སྡེ་ཚན་ཁག་གི་འགན་འཛིན། དགེ་སློབ་བཅས་ལྷན་འཛོམས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་གསོལ་ཐོག གསོལ་འདེབས་སྨོན་ལམ་དང་། དེ་རྗེས་ངེས་སྟོན་པས་སློབ་མ་རྣམས་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྦྱངས་ཡི་དེ་རང་གཞན་འཕྲལ་ཕུགས་ཀུན་ལ་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་གནང་ནས་སློབ་མ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་བསྩལ། དེ་མཚམས་གསོལ་ཇ་དང་གུང་ཚིགས་བཅས་མཛད་སྒོ་རྒྱལ་ཁའི་ངང་གྲོལ།།
Check Also
ས་མིག་གསལ་བསྒྲགས།
ས་མིག ལོ་ཙཱ་བ། ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་། ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།....
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.