འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཁ་བའི་གཅེས་ནོར་ཚོགས་པས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༡ ནས་བཟུང་ཉིན་ལྔའི་རིང་ནང་ཆོས་འཆད་ཁྲིད་དང་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།

བྷི་ར་ཛིལ་ནས་དོན་གཉེར་ཅན་ཚོགས་པ་འགས་རེ་སྐུལ་ཞུས་པ་བཞིན། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཁ་བའི་གཅེས་ནོར་ཚོགས་པས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༡ ནས་བཟུང་ཉིན་ལྔའི་རིང་ནང་ཆོས་འཆད་ཁྲིད་དང་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། འཆད་ཁྲིད་འདི་བོད་ཀྱི་དཔེ་མཛོད་ཁང་གི་ངོ་དེབ་དང་ཡུ་ཊུབ་བརྒྱུད་ཐད་གཏོང་བྱ་རྒྱུ་ཡིན་པས་གསན་གཟིགས་གནང་མཁན་གྱི་རྒྱ་ཆེའི་མང་ཚོགས་ནས་དེ་དོན་དགོངས་འཇགས་འཚལ།
བརྗོད་གཞི། སྒོམ་དང་། སྐྱེ་བ་ལེན་ཚུལ། འཆི་ཚུལ། མི་ཚེ་བཟང་པོ་སྐྱེལ་ཐབས་བཅས་ཀྱི་སྐོར།
འཆད་འཁྲིད་པ། བོད་ཀྱི་དཔེ་མཛོད་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་ལྷ་རམས་པ་རྒྱལ་མཚན་ཚེ་རིང་།
ཕྱི་ཚེས། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༡ ནས་ ༢༧ བར།
དུས་ཚོད། རྒྱ་གར་གྱི་ཕྱི་དྲོ་ཆུ་ཚོད། ༥:༣༠ ནས་ ༦:༣༠ བར།
ཉིན། རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས། སྤེན་པ། ཉི་མ།

 

Next Prev
Next Prev

Check Also

ས་མིག་གསལ་བསྒྲགས།

རང་ལོ་ ༤༠ ལས་མ་བརྒལ་བ་དང་། གོང་གསལ་ཆ་རྐྱེན་ཚང་ཞིང་ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ།...