ཕྱི་ལོ་ ༢༠༢༡ ཟླ་བ་ ༦ པའི་ཚེས་ ༡༩ ཉིན་དགེ་བཤེས་ལྷག་རྡོར་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དང་སློབ་ཁྲིད་བྱེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད།

ཕྱི་ལོ་ ༢༠༢༡ ཟླ་བ་ ༦ པའི་ཚེས་ ༡༩ རེས་གཟའ་སྤེན་པའི་ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཁ་བའི་གཅེས་ནོར་གྱི་གོ་སྒྲིག་འོག་དགེ་བཤེས་ལྷག་རྡོར་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དང་སློབ་ཁྲིད་བྱེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་སློབ་ཁྲིད་བཀའ་དྲིན་བསྐྱང་རྒྱུ་གཏན་འཁེལ་བྱུང་བས། དོན་གཉེར་ཅན་རྒྱ་ཆེའི་མང་ཚོགས་ནས་འདི་དག་དགོངས་འཇགས་འཚལ། དེབ་སྐྱེལ་བྱེད་མཁན་སྔ་གྲས་བརྒྱ་ལ་དགེ་བཤེས་ལགས་དང་ལྷན་དུ་ཛུམ་ལྷན་ཚོགས་(Zoom Meeting)ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད། དེ་འཕྲོས་གསན་གཟིགས་གནང་མཁན་ཚོས་ལྷན་ཚོགས་ཀྱི་སློབ་ཁྲིད་བགྲོ་གླེང་འདི་བོད་ཀྱི་དཔེ་མཛོད་ཁང་གི་ངོ་དེབ་དང་ཡུ་ཊུབ་བརྒྱུད་ཐད་གཏོང་གཟིགས་ཐུབ།

དེ་འབྲེལ་གནས་ཚུལ་ཞིབ་ཕྲ་གཤམ་གསལ།

བརྗོད་གཞི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དང་སློབ་ཁྲིད་བྱེད་ཚུལ།
སློབ་ཁྲིད་བྱེད་མཁན། དགེ་བཤེས་ལྷག་རྡོར་ལགས།
ཕྱི་ཚེས། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༩། རེས་གཟའ་སྤེན་པ།
དུས་ཚོད། རྒྱ་གར་གྱི་སྔ་དྲོ་ཆུ་ཚོད། ༡༠:༠༠ ནས་ ༡༡:༡༥ བར།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།