བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས་པའི་དཔེ་དེབ་ཁག་གཅིག་གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Books Store)ནས་མངགས་ཉོ་བྱེད་ཐུབ།

བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས་པའི་དཔེ་དེབ་གྲངས་ ༡༢༨ གུ་གལ་དྲ་ཐོག་དེབ་མཛོད་ཁང་དུ་བཞག་པའི་གཏམ་བཟང་ཐོན་པ་ན། སླད་ཕྱིན་དོན་གཉེར་ཅན་གྱི་་རྒྱལ་སྤྱིའི་མང་ཚོགས་རྣམས་ནས་དེབ་མཛོད་དེ་དག་བརྒྱུད་ནས་མངགས་ཉོ་བྱ་ཐུབ། གཤམ་གྱི་དྲ་ཐག་བརྒྱུད་ནས་དཔེ་དེབ་ཁག་གི་མིང་བྱང་རྣམས་གཟིགས་ཐུབ།
www(dot)tibetanlibrary(dot)org/ltwa-ebook/

དེབ་གཟུགས་ངོ་བོར་(Hard copy)གཟིགས་འདོད་ཡོད་རིགས་ནས་གཤམ་གྱི་ཞལ་པར་ཨང་གྲངས་དེའི་ཐོག་འབྲེལ་བ་ཡོད་པ་ཞུ།
༩༨༨༢༢༥༥༠༤༧
དྲ་ཐོག་དཔེ་དེབ་མངགས་ཉོ་བྱ་ཚུལ།
༡) དང་ཐོག་ཁྱོད་ཀྱི་གུ་གལ་གྱི་དྲ་ཐོག་ཁ་བྱང་སྤྱད་དེ་དྲ་ཐག་play.google.com/store/books ནང་དུ་འཛུལ་དགོས།
༢) དེ་རྗེས་གུ་གལ་དྲ་ཐོག་དེབ་མཛོད་ཁང་དུ་རང་གིས་ཉོ་འདོད་པའི་དཔེ་དེབ་ཀྱི་མིང་། རྩོམ་པ་པོ་དང་དཔེ་དེབ་ཀྱི་ཨང་རྟགས་གང་རུང་བྲིས་ནས་འཚལ་དགོས། དེ་རྙེད་རྗེས་ཁྱེད་ཀྱིས་དྲ་ཐོག་ནས་མངགས་ཉོ་བྱེད་ཐུབ།
བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་ཅི་འདྲ་ཞིག་གཟིགས་ཀྱང་དེ་ལ་་བསྐྱར་ཞིབ་དང་ལེགས་ཉེས་ཀྱི་བརྒྱ་ཆ་སྤྲོད་རོགས།
དྲ་ཐོག་དཔེ་དེབ་མངགས་ཉོ་དང་འབྲེལ་བའི་ལམ་སྟོན་གཤམ་གྱི་དྲ་ཐག་འདི་གཟིགས་གནང་ཡོད་པ་ཞུ།

 

Next Prev
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།