ཁ་བའི་གཅེས་ནོར་ཚོགས་པའི་ངོ་སྤྲོད།

ཁ་བའི་གཅེས་ནོར་ཞེས་པ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་གསེར་གྱི་དུས་སྟོན་ཁྱད་པར་ཅན་འདིའི་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམས་ནས་དང་དུ་བླངས་ཤིང་འདི་གའི་འགན་འཛིན་དང་འཛིན་སྐྱོང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་སྒོ་ནས་བཙུགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ཀྱི་ཤེས་ཡོན་དང་འབྲེལ་བའི་རིག་གཞུང་ཚོགས་པ་ཞིག་དང་། འདི་འཛུགས་དགོས་པའི་དམིགས་ཡུལ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་བོད་མི་དང་ཧི་མ་ལ་ཡའི་མང་ཚོགས་དང་ཁྱད་པར་དུ་གཞོན་སྐྱེས་ཚོར་ནང་ཆོས་དང། བོད་ཀྱི་སྐད་ཡིག རིག་གནས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། འཕྲོད་བསྟེན། ཚན་རིག་ལ་སོགས་པའི་དེང་རབས་ཀྱི་ཉེར་མཁོའི་སློབ་ཚན་གལ་གནད་ཆེ་བ་ཁག་ལ་རྒྱུས་མངའ་ཆེ་བའི་མི་སྣ་གདན་འདྲེན་ཞུས་ཏེ་བོད་སྐད་གཙོ་བོ་དང། སྐད་ཡིག་གཞན་གྱི་ལམ་ནས་མཁས་པ་རྣམས་ཀྱི་གསུང་བཤད་དང་། བགྲོ་གླེང་བྱེད་སའི་སྡིངས་ཆ་ཞིག་སྐྲུན་པའི་ཐོག་བོད་ཀྱི་རྩ་ཆེའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་ཐུབ་པར་ཕན་ཐོགས་ངེས་ཅན་ཞིག་འབྱུང་བའི་ཆེད་དུ་ཡིན། གཏམ་བཤད་དང་བགྲོ་གླེང་རྣམས་དྲ་ལམ་དང་དངོས་སུ་འདུ་འཛོམས་གང་འགབ་ཀྱི་སྒོ་ནས་གོ་སྒྲིག་བྱ་རྒྱུ་ཡིན།།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།