ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་པ་ཞིག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༡ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་དང་། ཚོགས་པའི་ཉམས་ཞིབ་དང་། ལྟ་རྟོག་འགན་འཛིན་བུ་ཆུང་ཚེ་རིང་ལགས། འཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཀཡེ་ མུ་ལར་ (Kai Mueller) ལགས། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ་དང་། དེ་སྐབས་དྲུང་གཞོན་བསྟན་འཛིན་ལྷ་དབང་ལགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དང་དམིགས་ཡུལ་སོགས་ངོ་སྤྲོད་གནང་།

Next Prev
 
Next Prev

Check Also

དཔེ་དེབ་གསར་ཐོན་དབུ་འབྱེད།

༄༅། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བརྩམས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པ་དབུ་འབྱེད་གནང་རྒྱུ།...