ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༨ ཉིན་སློབ་དཔོན་དགེ་འདུན་རབ་གསལ་ལགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཧོར་གོང་མའི་ཕོ་བྲང་དུ་བོད་ཡིག་བསྟན་བཅོས་མཛད་པ་པོ་གསུམ་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༨ ཉིན་སློབ་དཔོན་དགེ་འདུན་རབ་གསལ་ལགས་ནས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཧོར་གོང་མའི་ཕོ་བྲང་དུ་བོད་ཡིག་བསྟན་བཅོས་མཛད་པ་པོ་གསུམ་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་།
དགེ་འདུན་རབ་གསལ་ལགས་ནི་ཨ་རིའི་ཨིཎྜི་ཡ་ན་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་སློབ་དཔོན་བགྲེས་པ་ཞིག་རེད། ཁོང་གིས་ལོ་མང་རིང་བོད་ཀྱི་སྐད་དང་ཐ་སྙད་རིག་གནས་ཐོག་ཉམས་ཞིབ་གནང་སྟེ་བརྩམས་ཆོས་མི་ཉུང་བ་ཞིག་ཐོན་ཡོད། དེ་དག་གི་ཁྲོད་ནས་བོད་ཀྱི་དཔེ་མཛོད་ཁང་གིས་ ༢༠༡༧ ལོར་རིག་པའི་ཁྱེའུ་ཞེས་པ་དེ་དཔར་དུ་བསྐྲུན་ཡོད། གཞན་ཡང་འགྱུར་བརྒྱ་བརྒྱད་ཀྱི་ཁོངས་སུ་ཁོང་གིས་ལམ་ལ་ཞེས་པའི་སྒྲུང་རྩོམ་གྲགས་ཅན་དེབ་ཅིག་བོད་འགྱུར་གནང་ཡོད་པ་རེད།

 

Next Prev
Next Prev

Check Also

དམིགས་བསལ་ནང་ཆོས་འཛིན་གྲྭ།

དམིགས་བསལ་ནང་ཆོས་འཛིན་གྲྭ། བསླབ་གཞི། སོག་པོའི་མཁས་པ་བློ་བཟང་རྟ་དབྱངས་ཀྱིས་མཛད་པ་སྙིང་རྗེ་ཆེན་པོ་ལ་བསྟོད་པའི་ཚིགས་བཅད་བརྒྱ་རྩ་བརྒྱད་པ། དགེ་རྒན། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས། དུས་ཚོད། ཕྱི་དྲོ་ཚོུད་ ༥།༣༠ ནས་ ༦།༣༠ བར། ཕྱི་ལོ། ༢༠༢༤ ཟླ་ ༡༢ ཚེས་ ༢༣ ནས་ ༢༧ བར་གྱི་ཉིན་ལྔ་རིང། ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་འཛིན་གྲྭ། ..