ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་ལྔའི་རིང་གི་བོད་ཀྱི་སྐད་ཡིག་དང་། ནང་ཆོས་བཅས་ཀྱི་སློབ་ཚན་གྱི་མཇུག་སྡོམ་མཛད་སྒོ།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་ལྔའི་རིང་གི་བོད་ཀྱི་སྐད་ཡིག་དང་། ནང་ཆོས་བཅས་ཀྱི་སློབ་ཚན་གྱི་མཇུག་སྡོམ་མཛད་སྒོ་བྱས། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དྲུང་ཆེ་དང་སྡེ་ཚན་ཁག་གི་འགན་འཛིན། དགེ་སློབ་བཅས་ལྷན་འཛོམས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་གསོལ་ཐོག གསོལ་འདེབས་སྨོན་ལམ་དང་། དེ་རྗེས་ངེས་སྟོན་པས་སློབ་མ་རྣམས་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྦྱངས་ཡི་དེ་རང་གཞན་འཕྲལ་ཕུགས་ཀུན་ལ་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་གནང་ནས་སློབ་མ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་བསྩལ། དེ་མཚམས་གསོལ་ཇ་དང་གུང་ཚིགས་བཅས་མཛད་སྒོ་རྒྱལ་ཁའི་ངང་གྲོལ།།

Next Prev
 
Next Prev

Check Also

བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུ་ཚན་རིག་སློབ་འཁྲིད།

ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༥ ཚེས་ ༡༣ ནས་འགོ་ཚུགས་ཏེ་བདུན་ཕྲག་གཉིས་ཀྱི་རིང་བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་དུ་དཔེ་མཛོད་ཚན་རིག་སྡེ་ཚན་གྱི་ལས་བྱེད་ཚོས་བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཞུགས་མཁན་གྱི་བཙུན་མ་ཚོར་ཚན་རིག་སློབ་འཁྲིད་ཞུས།