ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་དྲུག་པའི་དབུ་འབྱེད་མཛད་སྒོ།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༤ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུས་པའི་ཟླ་གསུམ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་དྲུག་པའི་དབུ་འབྱེད་མཛད་སྒོའི་སྐབས། མགྲོན་གྱི་གཙོ་བོར་ ཆོས་རིག་ལས་ཁུངས་ཀྱི་ཀུན་དགའ་རྒྱལ་མཚན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་དགེ་རྒན་རྣམས་དང་ཕྱོགས་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་གྲངས་ ༡༩ སྐོར་ལྷན་འཛོམས་ཀྱིས་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ། ཟབ་སྦྱོང་འདི་ནི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་དྲུག་པ་དེ་ཡིན།

Next Prev
 
Next Prev

Check Also

ས་མིག་གསལ་བསྒྲགས།

རང་ལོ་ ༤༠ ལས་མ་བརྒལ་བ་དང་། གོང་གསལ་ཆ་རྐྱེན་ཚང་ཞིང་ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ།...