བོད་ཀྱི་སྐད་ཡིག་སློབ་ཁྲིད་གསལ་བསྒྲགས།

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༦ དང་ ༢༠༢༧ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་བཞིན། བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་ ༦ ཚེས་ ༢༢ ༸རྒྱལ་བའི་བླ་གཟའ་ལྷག་པ་ནས་བོད་ཟླ་ ༧ ཚེས་ ༢༢ རེས་གཟའ་ཕུར་བུའི་བར་རམ། ཕྱི་ཟླ་ ༨ ཚེས་ ༥ ནས་ཕྱི་ཟླ་ ༩ ཚེས་ ༣ བར་འཚོག་རྒྱུ་ཡིན།
ད་རེའི་སློབ་ཚན་གཙོ་བོ་ནི། ཡིག་གཟུགས་དང་དག་ཆ། གཏམ་དཔེ། སྙན་ཞུ་སོགས་རྒྱུན་མཁོའི་ཡིག་རིགས་དང། འབྲི་རྩོམ་གྱིས་མཚོན་སྐབས་འབབ་སློབ་མའི་གནས་ཚད་དང་བསྟུན་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་ལ་སྒོ་གང་ས་ནས་འབད་བརྩོན་ཞུ་རྒྱུ་ཡིན།
ཚང་མས་བོད་ཀྱི་སྐད་ཡིག་གི་ཉག་ཕྲའི་གནས་བབ་མཁྱེན་ཆུབ་ལ་བརྟེན། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ང་ཚོ་མི་རེ་ངོ་རེས་འགན་འཁུར་དང་ལག་བསྟར་བྱེད་དགོས་པའི་དུས་ལ་བབས་ཡོད་པ་ལས། འདུན་པ་ཙམ་དང་མོས་པ་ཙམ་གྱིས་རྩ་བ་ནས་འགྲིག་ཐབས་མེད་པ་དེ་དོན་དགོངས་འཇགས་ཐོག་དུས་ཚོད་དམ་འཛིན་གྱིས་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་རོགས།

•འཚོགས་དུས། སྔ་དྲོའི་ཆུ་ཚོད། ༧: ༤༠ ནས་ ༨: ༤༠ བར།
•སློབ་འཁྲིད་པ། གཉགས་ཚེ་དབང་ལྷུན་གྲུབ།
•འཛིན་ཁང་། དཔེ་མཛོད་ཀྱི་སྐད་ཡིག་འཛིན་གྲྭ། (འཛིན་ཁང་འདི་དཔེ་མཛོད་ངོ་མའི་ནང་འཛུལ་མི་དགོས།)
•དེབ་སྐྱེལ་དོད་དུ། ཧིན་སྒོར་ ༡༠༠
•འབྲེལ་བ་གནང་ཡུལ། ༩༨༨༢༢༥༥༠༤༧

བོད་ཀྱི་དཔེ་མཛོད་ཁང་རིག་གཞུང་ཉམས་ཞིབ་སྡེ་ཚན་ནས་ ༢༠༢༦ ཟླ་ ༧ ཚེས་ ༡༠ ཉིན་སྤེལ།

ལས་ཁུངས་ཀྱི་ཁ་བྱང༌།
The Office Secretary
Library of Tibetan Works & Archives
Gangchen Kyishong
Dharamsala-176215, HP, India

Reception: +91 9882255047
Email: ltwa1970@gmail.com

Check Also

ས་མིག་གསལ་བསྒྲགས།

ས་མིག་གསལ་བསྒྲགས།