རྩོམ་སྒྱུར་ཟབ་སྦྱོང་གསལ་བསྒྲགས་ཐེངས་གཉིས་པ།

༄༅། །དེ་སྔོན་བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་ ༧ ཚེས་ ༡ ནས་ཟླ་ ༩ ཚེས་ ༣༠ བར་རྩོམ་སྒྱུར་ཟབ་སྦྱོང་གི་གསལ་བསྒྲགས་བྱས་ཟིན་ཀྱང་ད་བར་ཟབ་སྦྱོང་དུ་འཛུལ་ཞུགས་གནང་འདོད་ཡོད་མཁན་སློབ་ཕྲུག་གྲངས་བཞི་ལས་སྙན་ཞུ་འབྱོར་མ་སོང་སྟབས་ཟླ་ ༧ པའི་ཚེས་ ༡༥ བར་ཕར་འགྱངས་བྱས་པ་ཡིན་ཞིང་། དུས་ཚོད་དེའི་ནང་སྙན་ཞུ་ཕུལ་འབྱོར་ཟིན་པ་དགོས། སློབ་ཕྲུག་གྲངས་ ༡༥ ལོན་དགོས་ཤིང་གྲངས་ཀ་མ་ལོན་ཚེ་ཟབ་སྦྱོང་འཚོགས་རྒྱུ་མིན་པའི་མཐའ་མའི་ཐག་གཅོད་ཀྱི་གསལ་བསྒྲགས་སུ། ཞིབ་ཕྲ་གཤམ་འཁོད་གསལ་བསྒྲགས་ལ་གཟིགས་རོགས།

དགོས་ངེས་ཀྱི་ཆ་རྐྱེན་ཁག
• ཟབ་སྦྱོང་ནང་འཛུལ་ཞུགས་ཟིན་མཚམས་ཟླ་བ་གསུམ་རིང་སློབ་གཉེར་མུ་མཐུད་བྱ་རྒྱུའི་ཁས་ལེན་དམ་བཅར་མཚན་རྟགས་བཀོད་པའི་ཡི་གེ།
• ཁྲིམས་མཐུན་ངོ་སྤྲོད་ལག་འཁྱེར་གྱི་འདྲ་བཤུས། དཔེར་ན། ཕྱི་སྐྱོད་ལག་འཁྱེར་དང་། ཕྱི་སྐྱོད་ལག་འཁྱེར་སེར་པོ། ཨཱ་དྷཱར་ངོ་སྤྲོད་ལག་འཁྱེར། རྒྱ་གར་སྐྱབས་བཅོལ་ལག་འཁྱེར་སོགས།
• ཉུང་མཐར་འཛིན་གྲྭ་བཅུ་གཉིས་ཐོན་པའམ་དེ་དང་མཉམ་པའི་སློབ་ཐོན་ཟིན་པའི་ལག་འཁྱེར་གྱི་འདྲ་བཤུས།

བདམས་ཐོན་བྱུང་བའི་སློབ་མ་ཚོའི་འཛིན་གྲྭའི་འབྱོར་ཐོ་བརྒྱ་ཆ་ ༨༠ ལོང་ཚེ་ཟླ་རེར་ཧིན་སྒོར་ལྔ་སྟོང་ (༥༠༠༠) ཐམ་པ་སློབ་ཡོན་དུ་འབུལ་རྒྱུ་དང་། འདེམས་སྒྲུག་བྱེད་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འདི་གའི་ཡིག་ཚང་དུ་འབྲེལ་བ་གནང་རོགས། འོན་ཀྱང་སློབ་མའི་གྲངས་ཚད་ ༡༥ ལས་ཉུང་བ་ཡོད་ཚེ་ཟབ་སྦྱོང་འདི་འཚོགས་རྒྱུ་མིན་པའི་གསལ་བསྒྲགས་སུ།

ལས་ཁུངས་ཀྱི་ཁ་བྱང༌།
The Office Secretary
Library of Tibetan Works & Archives
Gangchen Kyishong
Dharamsala-176215, HP, India

Reception: +91 9882255047
Email: ltwa1970@gmail.com

Check Also

ས་མིག་གསལ་བསྒྲགས།

རང་ལོ་ ༤༠ ལས་མ་བརྒལ་བ་དང་། གོང་གསལ་ཆ་རྐྱེན་ཚང་ཞིང་ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ།...