Tibetan Language Class

༄༅།  །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ཚེས་ ༡༢ རེས་གཟའ་ལྷག་པ་ནས་ ཟླ་བ་ ༤ ཚེས་ ༡༡ རེས་གཟའ་པ་སངས་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན།   ད་ལམ་གྱི་འཛིན་གྲྭ་འདིར་དག་ཆ་དང་ཡིག་གཟུགས།  འབྲི་རྩོམ་བཅས་ལ་ཡར་རྒྱས་འགྲོ་བ་ལ་ཆེད་དུ་གཉེར་ནས་ཐབས་ལམ་བསྟེན་རྒྱུ་ཡིན།  ཐུགས་འདོད་དང་དུས་ཚོད་ཡོད་རིགས་རྣམས་ནས་བོད་ཀྱི་དཔེ་མཛོད་ཁང་གི་འཛིན་སྐྱོང་ལས་ཁུངས་སུ་མིང་ཐོ་དེབ་སྐྱེལ་གནང་དགོས།

འཚོགས་དུས།།       སྔ་དྲོ་ཆུ་ཚོད་ ༧:༤༥ ནས་ ༨:༤༥ བར།

དགེ་རྒན།             སངས་རྒྱས་བསྟན་དར།

ཚོགས་ཁང་།          དཔེ་མཛོད་སྐད་ཡིག་འཛིན་གྲྭ (དཔེ་མཛོད་ངོ་མའི་ནང་དུ་འཛུལ་མི་དགོས་)

དེབ་སྐྱེལ་ཡོན།        ཧིན་སྒོར་ ༡༠༠།

འབྲེལ་བ།             ༩༨༨༢༢༥༥༠༤༧།

གོ་སྟོན་    སྲུང་བརྩི་ལ་    དམིགས་པའི་    ད་ལོའི་  བོད་ཀྱི་སྐད་ཡིག་    འཛིན་གྲྭ་   ཐེངས་གཉིས་པ་    དེ་ཡིན་ནོ།།

བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་ནས་ ༢༠༢༥ ཟླ་ ༣ ཚེས་ ༤ ཉིན་ཕུལ།

Check Also

དཔེ་དེབ་གསར་ཐོན་དབུ་འབྱེད།

༄༅། དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་བརྩམས་པའི་དཔེ་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པ་དབུ་འབྱེད་གནང་རྒྱུ།...