ས་མིག་གསལ་བསྒྲགས།

ས་མིག      སྒྱུར་དང་ཉམས་ཞིབ་ལས་རོགས། 

ཤེས་ཚད།   ཉུང་མཐར་ཕར་ཕྱིན་རབ་འབྱམས་པའམ།ཡང་ན་རྒྱ་གར་གཞུང་ངམ་བོད་གཞུང་གིས་ངོས་འཛིན་

ཡོད་པའི་གཙུག་ལག་རབ་འབྱམས་པའི་ (Bachelor degree) ལག་འཁྱེར་ཡོད་ཐོག  དབྱིན་ བོད་གཉིས་ཀའི་ཐོག་ཡིག་སྒྱུར་དང་ངག་སྒྱུར་གྱི་ཉམས་མྱོང་ཉུང་མཐར་ལོ་གཅིག་ཡོད་པ་ཞིག་དགོས།

དགོས་ངེས་ཆ་རྐྱེན།

༡། ནང་དོན་རིག་པའི་ཐོག་ཤེས་ཚད་མི་དམན་པ་དགོས།
༢། བོད་དབྱིན་གཉིས་ཀའི་ཐོག་སྒྱུར་གྱི་གནས་ཚད་ལེགས་པོ་ཡོད་པ།
༣། ཀམ་པུ་ཊར་གྱི་ཤེས་ཚད་མི་དམན་པ་ཡོད་པ།
༤། གཟུགས་གཞི་བདེ་ཐང་ཡིན་པ།

གོང་གསལ་ཆ་རྐྱེན་ཚང་ཞིང། ལས་རིགས་དེའི་ནང་འཛུལ་བློ་ཡོད་རིགས་ནས་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང་། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁྱེར། དཔྱ་དངུལ་དུས་ཐོག་ཕུལ་བའི་བོད་མིའི་དང་བླངས་ལག་དེབ། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར་སོགས་ངོ་བཤུས་བདེན་དཔང་འཕེར་བ་བཅས་ཀྱི་འཚང་སྙན་ ༢༠༢༣ ཕྱི་ཟླ་ ༤ ཚེས་ ༢༡ འགྱངས་མེད་འདི་ལས་སུ་འབུལ་དགོས། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ལ།

སྙན་ཞུ་འབུལ་ཡུལ།
Administrative Office
Library of Tibetan Works & Archives
Gangchen Kyishong
Dharamsala – 176 215, H.P.
E-mail:ltwa1970@gmail.com

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།