གསར་འཕྲིན།

བོད་ཀྱི་སྐད་ཡིག་འཛིན་གྲྭ

༄༅། །བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༢༥-༢༠༢༦ ལོའི་སྔ་དྲོའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐེངས་ལྔ་པ་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ པའི་ཚེས་ ༢ རེས་གཟའ་ལྷག་པ་ནས་ཚེས་ ༣༡ རེས་གཟའ་ཕུར་བུ་བར་ཟླ་གཅིག་རིང་འཚོགས་རྒྱུ་ཡིན། ...

Read More »

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་༢༠༢༥ ལོའི་རྩོམ་སྒྱུར་ཟབ་སྦྱོང་གི་གསལ་བསྒྲགས།

༄། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཟླ་བ་གསུམ་གྱི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅོ་བརྒྱད་པ་དེ་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡ ནས་ཟླ་ ༩ ཚེས་ ༣༠ བར་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་རྣམས་ནས་ ༢༠༢༥ ཟླ་ ༦ ཚེས་ ༢༢ འགྱངས་མེད་སྙན་ཞུ་དང་གཤམ་འཁོད་དགོས་ངེས་ཡིག་ཆ་བཅས་བོད་ཀྱི་དཔེ་མཛོད་ཁང་དུ་འབུལ་དགོས།

Read More »

༈ འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པ་དང་། གཏམ་ཚོགས་དུས་དེབ་མི་ཡུལ་དུ་བལྟམས་ནས་མི་ལོ་ཧྲིལ་པོ་ཞེ་ལྔ་འཁོར་བའི་དུས་བཟང་གཉིས་འཛོམས་ཀྱི་ལོ་དུས་ཁྱད་པར་ཅན་འདིར། རིགས་པ་སྨྲ་བ་མི་ཉུང་བ་ཞིག་གིསགཏམ་ཚོགས་དུས་དེབ་ཏུ་དཔྱད་རྩོམ་རིན་ཐང་ལྡན་པ་རེ་གནང་བར་ལེགས་སོའི་གཟེངས་བསྟོད་ཀྱི་ཕྱག་ཁྱེར་ཕུལ་བའི་ཡུལ་དངོས།

༈ འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པ་དང་། གཏམ་ཚོགས་དུས་དེབ་མི་ཡུལ་དུ་བལྟམས་ནས་མི་ལོ་ཧྲིལ་པོ་ཞེ་ལྔ་འཁོར་བའི་དུས་བཟང་གཉིས་འཛོམས་ཀྱི་ལོ་དུས་ཁྱད་པར་ཅན་འདིར། རིགས་པ་སྨྲ་བ་མི་ཉུང་བ་ཞིག་གིས་གཏམ་ཚོགས་དུས་དེབ་ཏུ་དཔྱད་རྩོམ་རིན་ཐང་ལྡན་པ་རེ་གནང་བར་ལེགས་སོའི་གཟེངས་བསྟོད་ཀྱི་ཕྱག་ཁྱེར་ཕུལ་བའི་ཡུལ་དངོས།

Read More »

ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་དགེ་བཤེས་བློ་བཟང་བསྟན་འཛིན་དང་སློབ་མ་བཅོ་བརྒྱད་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༣ ཉིན་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་དགེ་བཤེས་བློ་བཟང་བསྟན་འཛིན་དང་སློབ་མ་བཅོ་བརྒྱད་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ་རྣམས་ལ་དགེ་བཤེས་ལྷག་རྡོར་མཆོག་ནས་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།

Read More »

བོད་ཀྱི་སྐད་ཡིག་འཛིན་གྲྭ

བོད་ཀྱི་སྐད་ཡིག་འཛིན་གྲྭ བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་མོ་སྦྲུལ་ལོ། བོད་ཟླ་ ༤ པ་ས་ག་ཟླ་བའི་ཚེས་ ༡ ནས་ ༥ པ་སྣྲོན་ཟླའི་ཚེས་ ༢ བར།

Read More »

དཔེ་དེབ་དབུ་འབྱེད།

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གཤམ་གསལ་དཔེ་དེབ་ལྔ་དབུ་འབྱེད་གནང། དཔེ་དེབ་གསར་ཐོན་རྣམས་བོད་ཀྱི་དཔེ་མཛོད་ཁང་དང་གུ་གལ་དྲྭ་ཐོག་(Google Play Book Store) བཅས་ནས་མངགས་ཉོ་བྱེད་ཐུབ།

Read More »

དཔེ་དེབ་དབུ་འབྱེད།

༄༅། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་གཤམ་གསལ་དཔེ་དེབ་ལྔ་དབུ་འབྱེད་གནང་རྒྱུ་དང་། དེ་རྗེས་ཉིན་གཉིས་རིང་བརྒྱ་ཆ་ ༢༠ ཐམ་པ་ཆག་ཡང་ཡོད་པས་ཐུགས་སྣང་ཅན་ཚོས་དགྱེས་གཟིགས་ཞུ། 1. གཡུང་དྲུང་བོན་གྱི་ལམ་རིམ་སུམ་བརྒྱ་པ་དང་དེའི་འགྲེལ་པ། 2.NOMAD FAMILY FROM THE ROOF OF THE WORLD TIBET 3.ལོ་ཆེན་བྱང་ཆུབ་རྕེ་མོ་ཞང་དབོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།...

Read More »

གྲྭ་བཙུན་གྱི་ཆེད་དུ་ཚན་རིག་གི་ཉེར་ལྔའི་དུས་སྟོན་ཉིན་ལྔ་པ།

གྲྭ་བཙུན་གྱི་ཆེད་ཚན་རིག་གི་ཉེར་ལྔའི་དུས་སྟོན་ཉིན་ལྔ་པ་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༩ ཉིན་སྔ་དྲོར་ཚོགས་བཅར་བ་རྣམ་པར་བོད་ཀྱི་དཔེ་མཛོད་ཁང་ངོ་སྤྲོད་དང་། ...

Read More »

གྲྭ་བཙུན་གྱི་ཆེད་དུ་ཚན་རིག་གི་ཉེར་ལྔའི་དུས་སྟོན་ཉིན་བཞི་པ།

གྲྭ་བཙུན་གྱི་ཆེད་དུ་ཚན་རིག་གི་ཉེར་ལྔའི་དུས་སྟོན་ཉིན་བཞི་པ་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༨ ཉིན་རྡུལ་གྱི་གསང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་།

Read More »