ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་ནས་གསར་ཐོན་དཔེ་དེབ་བདུན་དབུ་འབྱེད་གནང་བཞིན་པ།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༩ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། འདི་གའི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་། ཡིག་སྒྱུར་དང་ཉམས་ཞིབ་སྲི་ཞུ་བ་ཚེ་རིང་ནོར་བུ་ལགས། རྩོམ་པ་པོ་སེར་ཤུལ་རབ་གསལ་ལགས། རིགས་གྲྭ་བློ་བཟང་འཇིགས་མེད་རིག་པའི་རལ་གྲི་ལགས་བཅས་ནས་དྲ་ལམ་བརྒྱུད་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཟིན་པའི་དཔེ་དེབ་གསར་པ་བདུན་དབུ་འབྱེད་གནང་། དཔེ་དེབ་གསར་ཐོན་རྣམས་ amazon.in དང་། གུ་གལ་དྲ་ཐོག་དེབ་མཛོད་ཁང་(Google Play Book Store) ནས་མངགས་ཉོ་བྱེད་ཐུབ།

1. विद्या के पारम्परिक क्षेत्रों का इतिहास
2. स्वयं से परिचय
3.སྒྲུང་གཏེར།
4.བྱང་སེམས་དྲི་མེད་གྲགས་པའི་རྟོགས་བརྗོད།
5.ལ་རྒྱ་ ༢༠༢༢
6.སྙན་ངག་གི་མརྫེས་ལྗོངས།
7.Tibetan Language, Literature & Grammar

Next Prev
ལ་རྒྱའི་དུས་དེབ་ཀྱི་ཚོགས་མི་རྣམ་པ།
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།