ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་བཀྲིས་སྒོ་མང་གྲྭ་ཚང་དུ་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་(The Emory-Tibet Science Initiative(ETSI))ལེགས་པར་ལྷུན་ཞིང་གྲུབ་པའི་མཛད་སྒོ་རྒྱ་ཆེན་ཞིག་སྤེལ་ཡོད། དགའ་སྟོན་གྱི་ཉིན་མོ་དེར་གྲྭ་བཙུན་ ༢༣༣ ལ་ལོ་དྲུག་ཚན་རིག་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་ཐོབ་པ་དང་། དེ་བཞིན་དགེ་འདུན་པའི་ཆེད་དུ་ཚན་རིག་ལས་འཆར་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ལོ་རྒྱུས་ནང་ཤིན་ཏུ་རླབས་ཆེན་གྱི་བྱ་གཞག་གྲུབ་པར་ཞབས་འདེགས་གནང་མཁན་གྱི་སྒེར་པ་དང་ཚོགས་པ་ཚང་མར་བསྔགས་བརྗོད་ཡི་རང་ཞུས་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སློབ་དཔོན་ ༢༨ ཀྱིས་སློབ་མ་རྣམས་ཀྱི་འབད་རྩོལ་དོ་སྣང་ལ་རྒྱབ་སྐྱོར་གྱིས་ཚུལ་དུ་མཛད་སྒོ་དེའི་ཐོག་ཕེབས་ཡོད་པ་དང་དེ་རྗེས་ལས་འཆར་དང་འབྲེལ་བའི་ཚོགས་འདུ་ཁག་ལའང་མཉམ་ཞུགས་མཛད་ཡོད། མཛད་སྒོ་དེ་དགའ་སྤྲོ་སྐྱིད་གསུམ་གྱི་ངང་ནས་མཇུག་སྒྲིལ་བར་མ་ཟད་ཕུགས་ལ་ལས་འཆར་དེ་ཚགས་ཚུད་དང་གོང་འཕེལ་ཡོང་ཕྱིར་འབད་རྩོལ་ཧུར་ཐག་བྱེད་རྒྱུའི་དམ་བཅའ་གནང་ཡོད། མཛད་སྒོ་དེ་ནི་རྒྱ་གར་ལྷོ་ཕྱིགས་མོན་གྷོ་རུ་རྟེན་གཞི་བྱས་པའི་དཔལ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡངས་ཤིང་རྒྱ་ཆེ་བའི་ཆོས་རྭ་གསར་པའི་ནང་དུ་འཚོགས་ཡོད།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།