སྔ་ཐོག་བོད་ཡིག་སློབ་ཁྲིད།
སློབ་ཁྲིད་འདི་ནི་དམིགས་བསལ་བོད་ཡིག་ཐོག་གཞི་རིམ་སློབ་སྦྱོང་ཐོན་པའམ་བོད་པའི་སྐད་ཡིག་དང་རིག་གཞུང་ཐོག་རྒྱུས་མངའ་ལྡན་པ་རྣམས་ལ་དམིགས་པ་ཞིག་ཡིན། བོད་སྐད་ཐོག་བརྡ་སྤྲོད་དང་། རྩོམ་ཡིག རིག་གཞུང་། རྒྱལ་རབས། ཆོས་འབྱུངསོགས་བརྗོད་གཞི་རྣམ་གྲངས་མང་པོ་ཞིག་ལ་སློབ་ཁྲིད་བྱེད་བཞིན་ཡོད། སློབ་ཁྲིད་འདི་གཙོ་ཆེར་མཐོ་སློབ་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ཟིན་པ་ཚོའི་ཆེད་དུ་དམིགས་སྟབས་སློབ་ཚན་གྱི་གནས་ཚད་མཐོ་བ་ཡོད།
དུས་ཡུན། སྔ་དྲོ་ཕྱག་ཚོད་ ༨ ནས་ ༩ བར།
དགེ་རྒན། ཨཱཙཱརྱ་ན་ག་སངས་རྒྱས་བསྟན་དར།
འཛིན་གྲྭ་འཚོགས་དུས་དང་སློབ་ཚན་གང་ཡིན་སོགས་སྔོན་ཚུད་ནས་གསལ་བསྒྲགས་གནང་གི་ཡོད།