སྒྲ་སྒྱུར་གྱི་རྣམ་གཞག་དང་ལོ་ཙཱ་བའི་བྱུང་རིམ།

དུས་ཡུན། ཕྱི་དྲོའི་ཆུ་ཚོད་ ༢།༡༠ ནས་ ༤།༣༠

ཚོགས་ཡུལ། བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་།

རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས།

རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ནི་ཕྱི་ལོ་ ༡༩༧༣ ལོར་གཞིས་རྩེ་རྫོང་ཆུ་དབར་དུ་འཁྲུངས་ཤིང༌། རང་ཡུལ་དུ་དམའ་རིམ་གྱི་སློབ་གཉེར་ཅུང་ཟད་གནང་། ཕྱི་ལོ་ ༡༩༨༥ ལོར་ལྷ་ལྡན་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན་དུ་ཆོས་ཞུགས་ཀྱིས་ཆོ་ག་ཕྱག་ལེན་སོགས་ནང་དོན་རིག་པར་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༥ ཉིན་ཞི་རྒོལ་གྱི་སྣེ་ཁྲིད་གནང་བས་ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང༌སྟེ་རྣམ་རྒྱལ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ཕྱི་ལོ་ ༡༩༩༣ ལོར་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༦ ནས་ ༡༩༩༨ བར་རྣམ་རྒྱལ་གྲྭ་ཚང་གི་དགེ་རྒན་གནང་། ཕྱི་ལོ་ ༡༩༩༨ ནས་ཕྱི་ལོ་ ༢༠༠༠ ལོའི་བར་ས་རཱ་མཐོ་སློབ་ཏུ་དགེ་འོས་སྦྱོང་བརྡར་གནང་། ཕྱི་ལོ་ ༢༠༠༡ ནས་ཕྱི་ལོ་ ༢༠༠༤ བར་ས་རཱ་མཐོ་སློབ་ཏུ་རིག་གནས་རབ་འབྱམས་པའི་སློབ་གཉེར་གནང་སྟེ་ཨང་དང་པོ་བླངས། ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༩ བར་རྣམ་རྒྱལ་གྲྭ་ཚང་གི་བོད་དྲུང་དང༌། བོད་དགེ་གཅིག་ལྕོགས་གནང་། ཕྱི་ལོ་ ༢༠༠༥ ལོར་བོད་དུ་གཉེན་འཕྲད་ལ་བསྐྱོད་དེ་རྒྱའི་བཙོན་དུ་ཐེངས་གཉིས་ཚུད། ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༠ བར་རྣམ་རྒྱལ་གྲྭ་ཚང་གི་བོད་དགེ་དང༌། དཔེ་མཛོད་འགན་འཛིན་གྱི་མཛད་འགན་དང༌། ཕྱི་ལོ་ ༢༠༡༡ ནས ༢༠༡༢ བར་རྣམ་རྒྱལ་གྲྭ་ཚང་གི་ལྷན་འཐུས་གཉེར་པ་དང་དྲུང་ཆེའི་ལས་མཛད་འགན་བཞེས། ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༢༠༡༠ བར་མཚན་ཉིད་རིག་པར་སློབ་གཉེར་བྱས་ཏེ་མདོ་སྔགས་སློབ་ཐོན་གྱི་ཕྱག་ཁྱེར་ཐོབ། ཕྱི་ལོ་ ༢༠༡༣ ནས་ ༢༠༡༧ བར་༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་དུ་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༢༠༠༢ ལོ་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། རྒྱལ་རབས་ཆོས་འབྱུང་སོགས་དེབ་ཕྲེང་དགུ་ཙམ་འབྲི་རྩོམ་དང་ ༢༠༠༧ ནས་༸གོང་ས་མཆོག་གི་བཀའ་ཁྲིད་དང་བཀའ་སློབ་སོགས་དེབ་ཕྲེང་ ༣༠ ལྷག་ཙམ་ཡིག་འབེབས་ཕྱོགས་བསྒྲིགས་དང་། རྣམ་རྒྱལ་གྲྭ་ཚང་གི་མདོ་སྔགས་གཞུང་ཆེན་སློབ་དེབ་གྲངས་ ༡༨ ཙམ་རྩོམ་སྒྲིག་འགན་འཁུར་གནང་། གཞན་ཡང་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྣམ་པོད་ ༨༠ ཐམ་པ་ཕྱོགས་སྒྲིག་ཞུས་ཤིང་། ད་ལྟ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་པོད་ ༧༠ ཙམ་གྱི་ཕྱོགས་སྒྲིག་པ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་བཅས་ཀྱི་ལས་ཁུར་ཞུ་མུས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།
 

Next Prev
Next Prev

Check Also

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད།

རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱིས་ཁོང་མོའི་བརྩམས་སྒྲུང་གྲགས་ཅན་ We Measure the Earth with Our Bodies ཞེས་པའི་བོད་འགྱུར། འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད། དུས་ཚོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ཚེས་ ༢༠ ཉིན། ...