སྐད་ཡིག་འཛིན་གྲྭ་ཁག

༡ རྨང་གཞིའི་སྐད་ཡིག་འཛིན་གྲྭ།

Next Prev
Next Prev

དབྱངས་གསལ་ནས་འགོ་བཙུགས་ཏེ་མིང་ཚིག་དང་། ཚིག་གྲོགས། ཚིག་གྲུབ། བྱ་ཚིག་གྲུབ་ཚུལ་སོགས་རྨང་གཞིའི་སྦྱོར་ཚུལ་རྣམས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་སྦྱོར་ཀློག་དང་བོད་ཀྱི་ཁ་སྐད་ལ་གོམས་པ་ཡོང་ཕྱིར་དུ་དམིགས་པ་ཞིག་ཡིན།

དུས་ཚོད། ཚུ་ཚོད་ ༩།༠༠ ནས་ ༡༠།༠༠ བར།
དགེ་རྒན། བཀྲ་ཤིས་མཚོ་མོ།
དགེ་ཚབ། ཨཱཙཱརྱ་བཙུན་མ་ནོར་འཛོམས་དང་དཔལ་སྒྲོན་མཚོ་མོ།

བསླབ་གཞི།
༡ ཚེ་བརྟན་ཆོས་འབྱོར་གྱི་ལྷ་སའི་རྒྱུན་སྐད་སློབ་དེབ་གཟི་ཡི་དོ་ཤལ།
༢ འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ་གྱི་དེང་དུས་བོད་སྐད་ཤོད་སྟངས།
༣ བོད་སྐད་སྙིང་པོ། ཧྥི་རན་ཛིས་ཀ།

༢ འབྲིང་རིམ་སྐད་ཡིག་འཛིན་གྲྭ།

Next Prev
Next Prev

སློབ་གཞི་འདིའི་ནང་གཙོ་བོར་བོད་ཀྱི་བརྡ་སྤྲོད་དང་། རྒྱུན་བཀོལ་ཁ་དཔེ་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་།འདིའི་དམིགས་ཡུལ་ནི། སློབ་ཕྲུག་ཚོས་བོད་སྐད་བཤད་རྒྱུ་དང་བོད་ཡིག་འབྲི་རྒྱུ་ལ་གདེང་སྤོབས་བསྐྲུན་རྒྱུ།

དུས་ཚོད། ཚུ་ཚོད་ ༩།༠༠ ནས་ ༡༠།༠༠ བར།
དགེ་རྒན། བུ་ཟླ་བ།
དགེ་ཚབ། ཨཱཙཱརྱ་བཙུན་མ་ནོར་འཛོམས་དང་དཔལ་སྒྲོན་མཚོ་མོ།

བསླབ་གཞི། བོད་ཀྱི་དམངས་སྒྲུང་།

༣ མཐོ་རིམ་སྐད་ཡིག་འཛིན་གྲྭ།

Next Prev
Next Prev

སློབ་གཞི་འདིའི་ནང་བོད་ཀྱི་བརྡ་སྤྲོད་དང་། ཞེ་སའི་རྣམ་གཞག་སློབ་ཁྲིད་གནང་རྒྱུ་དང་། སློབ་ཕྲུག་ཚོས་བོད་སྐད་ཐོག་བོད་ཀྱི་རིག་གཞུང་དང་ནང་ཆོས་སོགས་ཀྱི་སྐོར་ནས་བགྲོ་གླེང་དང་། གྲོས་བསྡུར་བྱེད་ཐུབ་པའི་རྨང་གཞི་འདིང་ཕྱིར་དུ་དམིགས་པ་ཞིག་ཡིན།

དུས་ཚོད། ཚུ་ཚོད་ ༡༢།༠༠ ནས་ ༡།༠༠ བར།
དགེ་རྒན། བཀྲ་ཤིས་མཚོ་མོ།
དགེ་ཚབ། ཨཱཙཱརྱ་བཙུན་མ་ནོར་འཛོམས་དང་དཔལ་སྒྲོན་མཚོ་མོ།

བསླབ་གཞི།
༡ དགེ་བཤེེས་ཐུབ་བསྟན་བཟོད་པ་ལགས་ཀྱི་བོད་ཀྱི་རིག་གཞུང་དང་ནང་ཆོས་ངོ་སྤྲོད།
༢ ༸གོང་ས་མཆོག་གི་རང་རྣམ་བཙན་བྱོལ་དུ་རང་དབང་།
༣ ངེས་དོན་རྒྱ་མཚོས་བསྒྱུར་བའི་སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་།
༤ ཐུབ་བསྟན་མཆོག་སྒྲུབ་ཀྱིས་བརྩམས་པའི་བོད་ཀྱི་སྒྲ་རིག་པའི་གནས་ལ་དཔྱོད་པ་གསལ་བའི་མེ་ལོང་།