ས་མིག་གསལ་བསྒྲགས།

ས་མིག་གསལ་བསྒྲགས།

ས་མིག གྲངས་འཛིན་ལས་འཆར། (ཆོད་གན་ས་མིག ༡) Digitization Project Staff (1 post)

ཤེས་ཚད་དང་ཉམས་མྱོང་། འཛིན་རིམ་བཅུ་གཉིས་ཐོན་པ་དང། གློག་ཀླད་བཀོལ་སྤྱོད་ཀྱི་ (Diploma in Computer) ཤེས་ཚད་ཐོན་པ།

རང་ལོ་ ༤༠ ལས་མ་བརྒལ་བ་དང། གོང་གསལ་ཆ་རྐྱེན་ཚང་ཞིང། ལས་རིགས་དེའི་ནང་ཞུགས་འདོད་ཡོད་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁྱེར། དཔྱ་དངུལ་དུས་ཐོག་ཏུ་ཕུལ་བའི་བོད་མིའི་དང་བླངས་ལག་དེབ། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་སོགས་ཀྱི་ངོ་བཤུས་བདེན་དཔང་འཕེར་བ་བཅས་ཀྱི་འཚང་སྙན་ ༢༠༢༦ ཟླ་ ༧ ཚེས་ ༢༩ འགྱངས་མེད་འདི་ལས་སུ་འབུལ་རྒྱུའི་གསལ་བསྒྲགས་སུ། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ལ།

Administrative Office

Library of Tibetan Works and Archives

Gangchen Kyishong

Dharamsala – 176215, H.P.

E-mail: ltwa1970@gmail.com

Check Also

བཙན་བྱོལ་གཞོན་སྐྱེས་རྣམས་ལ་བདུན་གཅིག་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ནང་ཆོས་བཅས་ཀྱི་སྦྱོང་བརྡར་ལས་རིམ།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༧ ནས་ ༡༡ བར། བོད་ཀྱི་དཔེ་མཛོད་ཁང་དང་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པ་གཉིས་ཟུང་སྦྲེལ་ཐོག་བཙན་བྱོལ་གཞོན་སྐྱེས་རྣམས་ལ་བདུན་གཅིག་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ནང་ཆོས་བཅས་ཀྱི་སྦྱོང་བརྡར་ལས་རིམ་གནང་།