
ས་མིག ལོ་ཙཱ་བ།
ཉུང་མཐའི་ཤེས་ཚད་དང་ཉམས་མྱོང་།
ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) འམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ། ནང་དོན་རིག་པ་དང་བོད་རིག་པའི་གཞུང་ལུགས་ཁག་བོད་ཡིག་ནས་དབྱིན་ཡིག་གམ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་བའི་ལས་ཀའི་ཉམས་མོང་ཉུང་མཐར་ལོ་གཅིག་ཡོད་པ།
ལོ་ཚད། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༥ ཉིན་བར་རང་ལོ་ ༤༠ ལས་མ་བརྒལ་བ།
གོང་གསལ་ཆ་རྐྱེན་ཚང་ཞིང། ལས་རིགས་དེའི་ནང་འཛུལ་བློ་ཡོད་རིགས་ནས་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁེར། དཔྱ་དངུལ་དུས་ཐོག་ཕུལ་བའི་བོད་མིའི་དང་བླངས་ལག་དེབ། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་སོགས་ངོ་བཤུས་བདེན་དཔང་འཕེར་བ་བཅས་ཀྱི་འཚང་སྙན་ ༢༠༢༦ ཟླ་ ༤ ཚེས་ ༡༥ འགྱངས་མེད་འདི་ལས་སུ་འབུལ་དགོས་པ་བཅས། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༥ ལ།
སྙན་ཞུ་འབུལ་ཡུལ།
The Director
Library of Tibetan Works and Archives
Gangchen Kyishong
Dharamsala – 176215, H.P.
E-mail: ltwa1970@gmail.com
Library of Tibetan Works and Archives The Library of Tibetan Works and Archives is a Tibetan library in Dharamshala, India.