ལོ་རྒྱུས་འཚོལ་སྡུད་ཀྱི་སྙན་ཐོ།

༄༅། །བོད་མིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྒན་རབས་རྣམས་ཀྱི་སྐུ་ཚེའི་ལོ་རྒྱུས་རྩོམ་འབྲི་དང་། གཅེས་གསོག་ཉར་ཚགས་བྱ་དགོས་པའི་གལ་ཆེའི་བཀའ་སློབ་ལན་མང་ཕེབས་པའི་དགོངས་དོན་བཞིན། ༡༩༧༦ ལོར་དཔེ་མཛོད་ཁང་གི་ཁྱབ་ཁོངས་སུ་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ཞེས་ཆེད་འཛུགས་ཞུས་ཡོད་པ་ལྟར་འདི་གའི་ལས་བྱེད་ཚོའི་ངོས་ནས་བལ་ཡུལ་དང་། ཀ་རྡོར་སྒང་གསུམ། ལ་དྭགས་སོགས་བཙན་བྱོལ་བོད་མིའི་བཞུགས་ཡུལ་ས་གནས་མང་པོ་ཞིག་ཏུ་ཆེད་བཅར་གྱིས་སེར་སྐྱ་ཞི་དྲག་རྒན་རབས་རྣམས་ཀྱི་ཞལ་རྒྱུན་དུ་གནས་པའི་ལོ་རྒྱུས་ཇི་སྙེད་ཅིག་བཅར་འདྲི་སྒྲ་འཇུག་དང་བརྙན་དཔར་བླངས་ནས་གསོག་སྒྲུབ་ཞུས་ཏེ་ད་ཕན་ལོ་རྒྱུས་དེབ་ཕྲེང་ ༥༣ ཙམ་དཔར་སྐྲུན་ཞུ་ཐུབ་པ་བྱུང་བ་དང་། ལྷག་པར་འདི་ལོ་ཨ་རི་བོད་ཀྱི་ཐེབས་རྩ་ནས་རོགས་དངུལ་སྩལ་ཐོབ་བྱུང་བ་ལྟར་ ༢༠༢༣ ལོའི་ཟླ་ ༤ ཚེས་ ༡༥ ནས་ཟླ་ ༨ ཚེས་ ༡ བར་ཏེ་ཟླ་བ་གསུམ་དང་ཕྱེད་ཀའི་རིང་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་འཚོལ་སྡུད་ཀྱི་ལས་འཆར་འོག་སྡེ་ཚན་འདིའི་ལས་བྱེད་གཉིས་དང་། སྒྲ་བརྙན་སྡེ་ཚན་ནས་ལས་བྱེད་གཉིས་བཅས་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆེད་བསྐྱོད་ཀྱིས་གདན་ས་གྲྭ་ཚང་དང་། གཞིས་གྲོང་ཁག་གི་མི་རབས་བགྲེས་པ་དགུ་བཅུ་ཙམ་ལ་ལོ་རྒྱུས་བཅར་འདྲི་ཞུས་ཏེ་དུས་ཡུན་ཆུ་ཚོད་ ༤༠༠ ལ་ཉེ་བའི་ལོ་རྒྱུས་བརྙན་ལེན་དང་སྒྲ་འཇུག་ཞུ་ཐུབ་པ་བྱུང་ཡོད། སླད་མར་ཡང་འགྲོ་གྲོན་མ་དངུལ་དང་བསྟུན་ནས་བོད་མིའི་གཞིས་ཆགས་གཞན་ཁག་དང་། ཁ་འཐོར་ས་གནས་སོ་སོར་བསྐྱོད་དེ་ལོ་རྒྱུས་འཚོལ་སྡུད་བྱ་རྒྱུའི་གྲ་སྒྲིག་ཞུ་འཆར་ཡོད།

Next Prev
 
 
 
Next Prev

Check Also

ཉིན་གཉིས་རིང་རྡུལ་གྱི་གསང་བ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་དང་ནང་པའི་མཁས་དབང་དབར་བགྲོ་གླེང་།

ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༦ ཉིན་བོད་ཀྱི་དཔེ་མཛོད་ཁང་དང་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པ་དེ་བཞིན་ཟུར་མང་བཀའ་བརྒྱུད་དགོན་པ་གསུམ་ཟུང་འབྲེལ་ཐོག་ཉིན་གཉིས་རིང་རྡུལ་གྱི་གསང་བ་ཞེས་པའི་བརྗོད་གཞིའི་ཐོག...