ལོ་རྒྱུས་དང་ཡིག་ཚགས་འཚོལ་སྡུད།

ལོ་རྒྱུས་དང་ཡིག་ཚགས་འཚོལ་སྡུད།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་བོད་མིའི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། དེ་སྔ་སོ་སོ་རང་ཉིད་ཀྱི་ཐོག་ལ་གནས་ཚུལ་མང་པོ་ཞིག་བྱུང་བ་དང་། དེ་བཞིན་གཞན་ཟེར་རྗེས་འབྲངས་མ་ཡིན་པའི་ཁུངས་ལྡན་གྱི་གནས་ཚུལ་རང་གིས་མཐོང་ཐོས་མྱོང་གསུམ་བྱུང་བ་རྣམས་ཚང་མས་དོ་སྣང་ཆེན་པོས་ཡིག་ཐོག་ཏུ་བཀོད་དགོས་པའི་རེ་བ་ཞུ་གི་ཡོད། དེ་འདྲ་མ་བྱས་པ་ཡིན་ན་སྡུག་བསྔལ་ཇི་སྙེད་ཅིག་རང་ཐོག་ཏུ་མྱངས་པའི་མི་མང་པོ་ཞིག་རིམ་བཞིན་རྫོགས་འགྲོ་གི་ཡོད། མ་འོངས་པའི་དུས་སྐབས་ཤིག་ལ་དེའི་ཚེ་དེའི་དུས་སྡུག་བསྔལ་ཞེ་པོ་ཅིག་བྱུང་བ་རེད་ཅེས་སྤོམ་ཚིག་ཙམ་མ་གཏོགས། གཅིག་ནས་གཉིས་སུ་བགྲངས་པའི་གནས་ཚུལ་ཞིབ་ཚགས་ཤིག་སུ་ལའང་བཤད་རྒྱུ་མེད་པ་ཆགས་ཉེན་འདུག་ཅེས་གལ་ཆེའི་བཀའ་སློབ་ལན་མང་ཕེབས་པའི་དགོངས་དོན་བཞིན། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་མི་རབས་བགྲེས་པ་མང་པོ་ཞིག་ལ་ལོ་རྒྱུས་བཅར་འདྲི་སྒྲ་འཇུག་དང་བརྙན་དཔར་བླངས་ནས་གསོག་སྒྲུབ་ཞུས་ དང་ཞུ་མུས་ལྟར། ༢༠༢༣ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆེད་བཅར་གྱིས་སེར་སྐྱ་ཞལ་གྲངས་དགུ་བཅུ་ལ་ཉེ་བར་བཅར་འདྲི་ཞུ་ཐུབ་པ་བྱུང་སྟེ་གྲུབ་འབྲས་ཧ་ ཅང་ཡག་པོ་བྱུང་བས། འདི་ལོ་ཡང་ཕྱི་ཟླ་ ༧ པ་ནས་འགོ་བཙུགས་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་རིང་ལོ་རྒྱུས་དང་ཡིག་ཚགས་འཚོལ་སྡུད་ཀྱི་ལས་གཞིའི་འོག་འདི་གའི་ལས་བྱེད་བཞི་ནས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་གྲྭ་ཚང་དང་། གཞིས་གྲོང་ཁག་ཏུ་ངོ་བཅར་གྱིས་ལོ་རྒྱུས་བཅར་འདྲི་སྒྲ་འཇུག་བརྙན་ལེན་དང། དེ་བཞིན་དཔར་རིས་དང་ཡིག་ཚགས་རྙིང་རིགས་བཅས་འཚོལ་སྒྲུབ་ཞུ་འཆར་ཡོད་ལགས་ན། ཚང་མས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གང་དྲག་གནང་སྐྱོང་ཡོང་བ་ཞུ།།

Next Prev
 
Next Prev

Check Also

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༢ ཉིན་ནིའུ་ཛི་ལེནྚ་གྲོས་ཚོགས་འཐུས་མི་གསུམ་དང་། ཕི་ཇཱིའི་གྲོས་ཚོགས་འཐུས་མི་བཅས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་ལ་ཕེབས་པ།