ལོ་དྲུག་གི་ནང་ཆོས་སློབ་གཉེར་འཛིན་གྲྭ་ཐོ་འགོད།

འཛིན་གྲྭ་ཐོ་འགོད།

བོད་ཀྱི་དཔེ་མཛོད་ཁང་ནས་འདི་གའི་ཁོར་ཡུག་ར་བའི་ནང་ཕྱི་ནང་མི་རིགས་ཁག་ལ་སློབ་གཞི་སྣ་ཚོགས་ཐོག་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྤྲོད་ཐུབ་པར་དགའ་སྤོབས་ཆེ། སློབ་གཞི་དེ་དག་ཀྱང་ལས་དང་པོ་བ་ནས་རང་རྐྱ་འཕེར་བའི་ཚད་གཞི་བར་བསྒྲིགས་ཡོད་པ་དང༌། སློབ་ཕྲུག་ཚོར་གང་ཅིར་མཐུན་རྐྱེན་ཞབས་འདེགས་སྒྲུབ་ཀྱི་ཡོད།

ཐོ་འགོད།

སློབ་ཕྲུག་རྣམས་ཀྱིས་འཛིན་གྲྭར་མ་བཅར་གོང་བོད་ཀྱི་དཔེ་མཛོད་ཁང་གི་ལས་ཁུངས་སུ་མིང་ཐོ་བཀོད་ནས་སློབ་ཡོན་ཕུལ་བའི་འཛིན་ཤོག་ངེས་པར་ལེན་དགོས། སློབ་ཡོན་ནི་ཧ་ཅང་དམའ་ཞིང་དེ་དག་སློབ་གཞི་དང་འབྲེལ་བའི་འཛིན་དངོས་གསར་བཟོ་དང་བདག་གཉེར་ཆེད་འགྲོ་གྲོན་གཏོང་གི་ཡོད།

ལོ་དྲུག་གི་ནང་ཆོས་སློབ་གཉེར་འཛིན་གྲྭ

གསལ་བཤད།

སློབ་དུས་དང་བརྗོད་གཞི་སོགས་ཀྱི་གནས་ཚུལ་རྒྱས་པ་ངོ་སྤྲོད་དེབ་ཆུང་དུ་གསལ་བས་དཔེ་མཛོད་ལས་ཁུངས་ནས་བཞེས་ཏེ་དེར་གཟིགས་འཚལ།
དུས་ཚོད།
ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།
བོད་ཀྱི་སྐད་ཡིག་འཛིན་གྲྭ།
བརྗོད་བྱ།
༡༡།༣༠ ནས། ༡༢།༣༠ བར།
———-
དགེ་རྒན། བུ་ཟླ་བ།
Tibetan Language and Literature
༢།༣༠ ནས། ༣།༣༠ བར།
སློབ་ཁྲིད་པ། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས།
mngon rtogs rgyan- The Ornament of Clear Realization
༤།༠༠ ནས། ༥།༠༠ བར།
སློབ་ཁྲིད་པ། དགེ་བཤེས་བློ་བཟང་བརྩོན་འགྲུས་ལགས།
Rnam bshad snying po’i rgyan- The Ornament of the Essence
༡༡།༠༠ ནས། ༡༡།༣༠ བར།
དམིགས་བསལ་ནང་ཆོས་ལྟ་གྲུབ་ཀྱི་འཛིན་གྲྭ།

སློབ་ཁྲིད་པ། དགེ་བཤེས་རྒྱལ་མཚན་ཚེ་རིང་ལགས།
རེས་གཟའ་མིག་དམར་དང་རེས་གཟའ་ཕུར་བུ་ནམ་ཡིན་ལ་འཛིན་གྲྭ་ཡོད།

ལོ་དྲུག་གི་ནང་ཆོས་སློབ་གཉེར་འཛིན་གྲྭ

ལོ་གཅིག་ལག་འཁྱེར་ནང་ཆོས་འཛིན་གྲྭ
འཛིན་གྲྭ་འདིར་ནང་ཆོས་ཀྱི་འདེམས་སྒྲིག་བྱས་པའི་ནང་ཆོས་ཀྱི་སློབ་ཚན་ཁག་ཅིག་དང་། སེམས་དང་ཤེས་པ། རྟགས་རིགས། གྲུབ་མཐའ། ས་དང་ལམ་བཅས་སློབ་ཁྲིད་བྱེད་ཀྱི་ཡོད།

ལོ་གསུམ་འཛིན་གྲྭའི་བསླབ་གཞི།
ལོ་རིམ་དང་པོ། ཚད་མ་རིག་པ་དང་བློ་སྦྱོང་།
ལོ་རིམ་གཉིས་པ། ཕར་ཕྱིན་དྲུག
ལོ་རིམ་གསུམ་པ། དབུ་མ།

ལོ་གཉིས་གཙུག་ལག་རབ་འབྱམས་པའི་ནང་ཆོས་འཛིན་གྲྭ
ལོ་རིམ་དང་པོ། མངོན་པ་མཛོད་དང་ནང་ཆོས་ཀྱི་
ལོ་རིམ་གཉིས་པ། སྔགས་ཀྱི་སྐོར།

འཛིན་གྲྭ་ཡོངས་རྫོགས་བོད་སྐད་ནང་འཁྲིད་ཀྱི་ཡོད་པར་མ་ཟད་གཞུང་ཆེན་ཁག་རྣམས་དབུ་ཅན་ཡིག་གཟུགས་ཐོག་ཡོད་སྟབས། འཛུལ་ཞུགས་པས་བོད་སྐད་གོ་བཤད་ཐུབ་པ་དང་དབུ་ཅན་ཀློག་ཤེས་པ་ཡང་དགོས།

འཛིན་གྲྭའི་དུས་ཚོས་ནི། རེས་གཟའ་ཟླ་བ་ནས་པ་སངས་བར་ཡིན།