ལོ་གསུམ་གྱི་གཙུག་ལག་རབ་འབྱམས་པའི་སློབ་གཉེར། ( ནང་དོན་རིག་པ་དང་བོད་ཀྱི་སྐད་ཡིག )

ཕྱི་ལོ་ ༢༠༢༠ ནས་ལོ་གསུམ་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་སྐབས་གཉིས་པ་དེ་འགོ་ཚུགས་ཀྱི་ཡོད་ཅིང་། གལ་ཏེ་དེར་སློབ་གཉེར་གནང་འདོད་ཡོད་ན། འཛིན་རིམ་བཅུ་གཉིས་ཐོན་ཡིན་པའི་ལག་ཁྱེར་ཡོད་པའི་སྟེང་ནང་བསྟན་རིག་པ་འམ་ཡང་ན་བོད་ཀྱི་སྐད་ཡིག་ལོ་གཉིས་སློབ་གཉེར་གནང་ཟིན་པ་དགོས།

དེ་ལྟར་ན་ཐུགས་འདོད་ཡོད་རིགས་རྣམ་པས་འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་ཚང་ལ་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས ༢༨ སྔོན་ལ་མིང་ཐོ་འགོད་དགོས་པའི་གསལ་བསྒྲགས་སུ། ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ཡོད་ན། གློག་འཕྲིན་ཁ་བྱང་ ltwa1970(at)gmail.com འདིར་འབྲེལ་བ་གནང་རོགས། ཡང་ན་དྲྭ་ཚིགས་ www(dot)tibetanlibrary(dot)org འདི་ལ་ གཟིགས་རོགས།

དགོས་ངེས་ཆ་རྐྱེན།
འཛིན་གྲྭ་ཡོངས་རྫོགས་བོད་སྐད་ནང་འཁྲིད་ཀྱི་ཡོད་པར་མ་ཟད་གཞུང་ཆེན་ཁག་རྣམས་དབུ་ཅན་ཡིག་གཟུགས་ཐོག་ཡོད་སྟབས། འཛུལ་ཞུགས་པས་བོད་སྐད་གོ་བཤད་ཐུབ་པ་དང་དབུ་ཅན་ཀློག་ཤེས་པ་ཡང་དགོས།

 

Next Prev
Next Prev

Check Also

གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༦ ཉིན་འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་ཞུ་སྒྲིག་ལེགས་པར་གྲུབ་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་སྟོད་ཆ་དང་སྨད་ཆ་གཉིས་ཀྱི་སྐོར་གཏམ་བཤད་གནང་བ།