ལས་ཀའི་ས་མིག་གསལ་བསྒྲགས།

ས་མིག སྒྱུར་དང་ཉམས་ཞིབ་ལས་རོགས།
ཤེས་ཚད། ༡། ཉུང་མཐར་རྒྱ་གར་གཞུང་ངམ་ཡང་ན་བོད་གཞུང་གིས་ངོས་འཛིན་ཡོད་པའི་ནང་པའི་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་ (Bachelor degree) ལག་འཁྱེར་ཡོད་པ་མ་ཟད་ཕར་ཕྱིན་ཐོན་པ་ཞིག་དགོས།
༢། བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ཐོག་གནས་ཚད་ལེགས་པོ་ཡོད་པ།
༣། ཀམ་པུ་ཊར་གྱི་ཤེས་ཚད་མི་དམན་པ་ཡོད་པ།
༤། དབྱིན་བོད་གཉིས་ཀའི་ཐོག་ཡིག་སྒྱུར་དང་ངག་སྒྱུར་ཉམས་མྱོང་ཉུར་མཐར་ལོ་གཉིས་ཡོད་པའི་ལག་འཁྱེར་ཡོད་པ།
དགོས་ངེས་ཆ་རྐྱེན།
༡། དུས་ཐོག་ཏུ་དེབ་སྐྱེལ་ཟིན་པའི་སྐྱབས་བཅོལ་ལག་འཁྱེར།
༢། བོད་མིའི་དང་བླངས་དཔྱ་དངུལ་དུས་ཐོག་ཕུལ་བའི་ལག་དེབ།
༣། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར།

ལོ་ཚད། རང་ལོ་ ༣༥ ལས་མི་བརྒལ་བ།

གོང་གསལ་ཆ་རྐྱེན་ཚང་ཞིང། ལས་རིགས་དེའི་ནང་འཛུལ་བློ་ཡོད་རིགས་ནས་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་དང་། ཆ་རྐྱེན་ཡིག་ཆའི་ངོ་བཤུས་བདེན་དཔང་འཕེར་བ་བཅས་ཀྱི་
འཚང་སྙན་ ༢༠༢༢ ཕྱི་ཟླ་ ༥ ཚེས་ ༡༦ འགྱངས་མེད་འདི་ལས་སུ་འབུལ་དགོས། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༨ ལ།

སྙན་ཞུ་འབུལ་ཡུལ།
Administrative Office,
Library of Tibetan Works & Archives
Gangchen Kyishong
Dharamsala – 176215, H.P.

E-mail: ltwa1970(at)gmail(dot)com

Next Prev
Next Prev

Check Also

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད།

རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱིས་ཁོང་མོའི་བརྩམས་སྒྲུང་གྲགས་ཅན་ We Measure the Earth with Our Bodies ཞེས་པའི་བོད་འགྱུར། འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་དབུ་འབྱེད་དང་གཏམ་བཤད། དུས་ཚོད། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ཚེས་ ༢༠ ཉིན། ...