རྩོམ་སྒྱུར་ཟབ་སྦྱོང་གི་གསལ་བསྒྲགས།

༄༅། །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ ༢༠༠༦ ལོ་ནས་འགོ་བརྩམས་ཏེ་ལོ་རེའི་ནང་དམིགས་བསལ་འདེམས་སྒྲུག་ཐོག་ནས་དོན་གཉེར་བ་སུམ་ཅུ་ཐམ་པར་ཟླ་བ་གསུམ་རིང་རྩོམ་སྒྱུར་ཟབ་སྦྱོང་གོ་སྒྲིག་ཞུ་མུས་ལྟར། རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་དྲུག་པ་དེ་བཞིན་ ༢༠༢༣ ཟླ་ ༧ ཚེས་ ༣ ནས་ཟླ་ ༩ ཚེས་ ༢༩ བར་གོ་སྒྲིག་ཞུ་རྒྱུ་ཡིན་པས། དོན་གཉེར་ཅན་རྣམས་ནས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ འགྱངས་མེད་འཚང་སྙན་འབུལ་དགོས།

དགོས་ངེས་ཆ་རྐྱེན་ཁག

  • ཟབ་སྦྱོང་ནང་འཛུལ་ཞུགས་ཟིན་རྗེས་ཟླ་བ་གསུམ་རིང་སློབ་གཉེར་མུ་མཐུད་བྱེད་རྒྱུའི་ཁས་ལེན་དམ་བཅའ་མཚན་ རྟགས་བཀོད་པའི་ཡི་གེ་ཞིག་དགོས།
  • ཁྲིམས་མཐུན་གྱི་ངོ་སྤྲོད་ལག་འཁྱེར་གཅིག་གི་འདྲ་བཤུས་ངེས་པར་དགོས། དཔེར་ན། ཕྱི་སྐྱོད་ལག་དེབ། (passport) ཕྱི་སྐྱོད་ལག་དེབ་སེར་པོ། (IC) ཨདྷཱར་ངོ་སྤྲོད་ལག་ཁྱེར།(Adhaar Card) རྒྱ་གར་སྐྱབས་བཅོལ་ལག་དེབ་ (RC) སོགས།
  • དམའ་མཐར་བོད་ཨིན་གྱི་ཤེས་ཚད་དེང་དུས་འཛིན་རིམ་བཅུ་གཉིས་སམ་དེ་དང་མཉམ་པའི་སློབ་ཐོན་ཟིན་པའི་ལག་འཁྱེར་གྱི་འདྲ་བཤུས།

འདི་ལོ་ཡང་ཟབ་སྦྱོང་དུ་སློབ་གཉེར་བའི་ས་དམིགས་སུམ་ཅུ་ཐམ་པ་ཡོད་ཅིང་། དེ་ཡང་སྙན་ཞུ་སྔ་ཕྱི་གོ་རིམ་གིས་བླང་རྒྱུ་ཡིན། འདེམས་ཐོན་བྱུང་བའི་སློབ་མ་རེར་ཟླ་རེར་སྒོར་ ༥༠༠༠ (ལྔ་སྟོང་ཐམ་པ་) གནང་རྒྱུ།

ཞིབ་ཕྲའི་གནས་ཚུལ་དཔེ་མཛོད་ཁང་གི་དྲྭ་རྒྱ་ www.tibetanlibrary.org ལ་གཟིགས་རོགས།

Check Also

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་ཀྱི་ཁྲོམ་འདུས།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་མདུན་ཐང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༧ ནས་ ༣༡ བར་དཔེ་དེབ་ཀྱི་ཁྲོམ་འདུས་་ཡིན། སྐབས་དེར་འདི་གའི་སློབ་གཉེར་ཁང་ནས་དཔར་བསྐྲུན་བགྱིས་པའི་དཔེ་དེབ་རྣམས་བརྒྱ་ཆ་...